གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ལྟ་བཤལཔ་ལེ་ཤ་ལྷོད་མི་གིས་ འོང་འབབ་ཡར་སེང་།

རྒྱལ་ཁབ་ནང་འོང་མི་ ལྟ་བཤལཔ་ཚུ།
 བཀྲིས་ཕུན་ཚོགས།

ཉི་མ་ སྤྱི་ཟླ་༤ ཚེས་༧། ༉ སྤྱི་ལོ་༢༠༡༡ ལུ་ ལྟ་བཤལ་ཚོགས་སྡེ་གིས་ རྒྱལ་སྤྱི་ལྟ་བཤལཔ་ཚུ་ལས་ འོང་འབབ་མ་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༤༧.༦༨ བཟོ་ཡོད་མི་གིས་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ བརྒྱ་ཆ་༣༢.༥༢ ཀྱིས་ ཡར་སེང་སོང་ཡོདཔ་བཞིན་དུ་ མ་དངུལ་ ཡུ་ཨེསི་ཌོ་ལར་ ས་ཡ་༡༤.༨༩ གཞུང་ལུ་ཕུལ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༡ ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ དམིགས་གཏད་བསྐྱེད་དོ་བཟུམ་སྦེ་ རེ་འདོད་གྲུབ་ཡོདཔ་ད་ ལོ་དེ་གི་དམིགས་ཡུལ་དེ་ཡང་ རྒྱལ་ཁབ་ནང་ ལྟ་བཤལཔ་བསྡོམས་༦༥,༠༠༠ དེ་ཅིག་བསྐྱེད་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལོ་དེ་ནང་ ལྟ་བཤལཔ་༦༤,༠༢༨ ལྷོད་མིའི་གྲས་ལས་ ལུང་ཕྱོགས་རྒྱལ་ཁབ་ནང་ལས་ ཆེ་རིམ་སྡེ་ཚན་གྱི་ ལྟ་བཤལཔ་༡༦,༤༡༨ འོང་མི་ཚུ་ མཁའ་འགྲུལ་ཐོག་ལས་དང་ ལྟ་བཤལཔ་༡,༧༢༨ དེ་ཅིག་ འགྲུལ་འཁོར་ཐོག་ལས་འོང་ཡོདཔ་ཨིན་པས།
ལུང་ཕྱོགས་ཚུ་ནང་ལས་ འོང་འབབ་ཐོན་ཁུངས་ཆུང་བའི་ལྟ་བཤལཔ་བསྡོམས་༣༦,༨༠༥ འོང་མི་ཚུ་ག་ར་ འགྲུལ་འཁོར་ཐོག་ལས་སྦེ་ ཆུང་རིམ་སྡེ་ཚན་ནང་ཚུདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱུ་སྟོབས་ཡོད་མི་ལྟ་བཤལཔ་ཚུ་ དྲག་ཤོས་གྲངས་སུ་ཚུད་པའི་ཁར་ ཁོང་ཆ་ཁྱབ་ཀྱིས་ རྒྱལ་ཁབ་ནང་སྡོད་རིང་ མི་སྡེ་ལུ་ ཕན་གྲོགས་དང་ རྒྱལ་ཁབ་ཀྱི་ ལམ་སྲོལ་བཟང་པོ་ལུ་ ཡིད་ཆེས་ རྒྱལ་ཁབ་དང་མི་སེར་ལུ་ གུས་ཞབས་འབད་དེ་ རང་བཞིན་གནས་སྟངས་ལུ་ ལྷན་ཐབས་འབད་མི་ཚུ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ གནས་སྟངས་དང་བསྟུན་ ལྟ་བཤལཔ་འོང་ནིའི་དུས་ཚོད་མེན་པའི་སྐབས་ལུ་ ཉིན་བསྟར་འཐུས་ ཡུ་ཨིསི་ཌོ་ལར་༡༦༥ དང་༢༠༠ གི་བར་ནང་སྤྲོད་དགོཔ་དང་ ལྟ་བཤལཔ་འོང་ནི་གི་ དུས་ཚོད་ལུ་འབད་བ་ཅིན་ འཐུས་ཡུ་ཨིསི་ཌོ་ལར་༢༠༠ དང་ ༢༥༠ གི་བར་ན་སྤྲོད་དགོཔ་འབད་བཟོ་མི་དེ་ཡང་ དུས་ཅི་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
ལྟ་བཤལཔ་ཚུ་འོང་ནིའི་དུས་ཚོད་ངོ་མ་དེ་ སྤྱི་ཟླ་༣ པ་ལས་ ༥ པ་ཚུན་དང་ སྤྱི་ཟླ་༡༠ པ་ལས་༡༢ པ་ཚུན་ཨིནམ་མ་གཏོགས་ ཟླཝ་གཞན་ཚུ་ནང་ ལྟ་བཤལཔ་མང་ཤོས་ཅིག་གིས་མི་འོང་དོ་ཡོདཔ་ཨིན་པས།
ཕྱི་རྒྱལ་གྱི་ལྟ་བཤལཔ་ཚུ་གིས་ འབྲུག་རྒྱལ་ཁབ་ནང་ འོང་མིའི་དམིགས་ཡུལ་དེ་ འཛམ་གླིང་ནང་ ཁྱད་ཆོས་ཐུན་མོང་མ་ཡིན་པའི་ རང་ལུགས་ཀྱི་ལམ་ལུགས་སྲོལ་དང་ ཡར་རྒྱས་གོང་འཕེལ་འགྱོ་བའི་བསྒང་གི་རྒྱལ་ཁབ་ཀྱི་ གནས་ཚད་ གྲོང་གསེབ་གཡུས་སྒོའི་གནས་སྟངས་ དེ་ལས་ རང་ལུགས་ཀྱི་ བྱིན་རླབས་ཅན་གྱི་ ཚེས་བཅུ་ཚུ་ མཇལ་བར་འོང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ལྟ་བཤལཔ་བསྡོམས་༦༤,༠༢༨ ལྷོད་ཡོད་པའི་ཁར་ སྤྱི་ལོ་༢༠༡༡ ནང་ རྒྱལ་སྤྱི་རྒྱལ་ཁབ་ཚུ་གི་གྲས་ལས་ ལྟ་བཤལཔ་༣༦,༧༦༥ ལྷོད་མི་ལས་ ཡུ་ཨེསི་ཨེ་ལས་བརྒྱ་ཆ་༡༦.༦༡ དང་ ཇ་པཱན་ལས་བརྒྱ་ཆ་༡༠.༥༢ རྒྱ་ནག་ལས་བརྒྱ་ཆ་༧.༧༣ དེ་ལས་ ཀེ་ནེ་ཌ་ལས་བརྒྱ་ཆ་༢.༨༣ འོང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment