ཉི་མ་ སྤྱི་ཟླ་༤ ཚེས་༧། ༉ སྤྱི་ཟླ་༤ པའི་ཚེས་༥ གི་ཕྱི་རུ་ སྣུམ་འཁོར་ཊཱག་ཅིག་ རྡོ་དཀར་ཇིབ་སམ་འབག་སྟེ་ པདྨ་དགའ་ཚལ་ལས་ བསམ་གྲུབ་ལྗོངས་མཁར་ཁ་ཐུག་ལུ་ འགྱོ་བའི་སྐབས་ ས་གནས་ཁོ་རེ་པམ་ལུ་ལྷོདཔ་ད་ ལམ་འོག་ལས་མར་ ཕིཊ་༡༠༠ དེ་ཅིག་གི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ སྐྱེས་ལོ་༢༧ ལང་མི་ དེད་གཡོགཔ་ལུ་ རྨ་སྐྱོན་སྦོམ་བྱུང་སྟེ་ རྒྱ་གར་ཨ་སམ་གྱི་ཁྲོམ་སྡེ་ གུ་ཧ་ཊིའི་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ལས་ ཀི་ལོ་མི་ཊར་༡ གི་ས་ཁར་ རྐྱེན་ངན་བྱུངམ་ད་ མོང་སྒར་དགྲ་མེད་རྩེ་ལས་ཨིན་མི་ དེད་གཡོགཔ་མ་གཏོགས་ ལམ་འགྲུལཔ་གཞན་མེདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment