གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕམ་ཅིག་གིས་ སློབ་གྲྭའི་སློབ་དཔོན་ལུ་ བརྡུང་རྫོབ་འབད་ཡོདཔ།

༉ ཁ་ཙ་ཉིན་མ་ ཕམ་ཅིག་གིས་ ཐིམ་ཕུ་ལུ་ སྒེར་སྡེ་སློབ་གྲྭ་ཅིག་གི་ སློབ་རིམ་༩ པའི་ སྐྱེ་ལྡན་རིག་པའི་ སློབ་དཔོན་ཅིག་ལུ་ བརྡུང་རྫོབ་འབད་དེ་ སོ་༡ བཅགས་བཏང་ཡོདཔ་མ་ཚད་ མིག་ཏོའི་ས་གོ་ནང་ མཛོག་བླུགས་བྱིན་ཏེ་ རྨ་སྐྱོན་བཏོན་ཡོདཔ་ཨིན་པས།


བྱུང་རྐྱེན་དེ་ཡང་ སློབ་དཔོན་དེ་གིས་ ཁོ་གི་སྒལ་ཏོ་གུ་ ལག་པའི་ཐལ་རྩེ་གིས་ དྲངས་བྱིན་ཡི་ཟེར་ སློབ་ཕྲུག་བུཚ་དེ་གིས་ ཁོ་རའི་ཨ་པ་ལུ་ སླབ་པའི་ཤུལ་ལས་ བྱུང་ཡོདཔ་ད་ སློབ་གྲྭའི་དབུ་འཛིན་གྱིས་ སླབ་མིའི་ནང་ ཕམ་ཅིག་གིས་ རྒྱ་གར་ལས་ཨིན་མི་ སློབ་དཔོན་དེ་ ལྡན་ལྕག་དང་ མཛོག་ དེ་ལས་ རྡོག་ཐལ་གྱིས་ བརྡུང་རྫོབ་འབད་བའི་སྐོར་ སློབ་དཔོན་ཅིག་གིས་ ཁོ་འབད་སར་ སླབ་པར་འོང་དེས་ཟེར་ཨིནམ་ད་ ཕམ་དེ་ ཐིམ་ཕུ་ལུ་ ཡུ་ནི་སེཕ་ཡིག་ཚང་ནང་ ལཱ་འབད་མི་ ཕྱི་མི་ཅིག་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment