གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ཏ་བོ་ནིང་དང་ གཡུས་རྒྱལ་སྡེ་ཚན་གྱིས་ མཐའ་བཅད་འོག་མའི་ནང་ལྷོད་ཡོདཔ།

༢༤/༨/༢༠༡༢    ༉ ཁ་ཙ་ ལྕང་གླང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ ཨ་ཏ་བོ་ནིང་དང་ སྤྱི་མཐུན་བཟོ་སྐྲུན་ དེ་ལས་ པཱན་ནེཌ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ སྡེ་ཚན་༣ གྱིས་ སྐུགས་རེ་རེ་འདྲན་འདྲ་ཆོདཔ་ལས་ པའི་ནཱལ་ཊི་རྐྱབ་ད་ ཨ་ཏ་བོ་ནིང་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
སི་ཀིམ་གྱི་ མདའ་རྩེདཔ་ཚུ།


དེ་ཡང་ འབའ་སྐྱོར་ལྟག་གི་ནང་ ཨ་ཏ་བོ་ནིང་དང་ སྤྱི་མཐུན་བཟོ་སྐྲུན་ དེ་ལས་ པཱན་ནེཌ་སྡེ་ཚན་༣ རྩེད་འགྲན་འབདཝ་ད་ སྐོར་ཐེངས་༡༤ པའི་ནང་ ཨ་ཏ་བོ་ནིང་དང་ སྤྱི་མཐུན་བཟོ་སྐྲུན་སྡེ་ཚན་༢ ཀྱིས་ སྐུགས་རེ་རེ་ཆོད་ཡོད་རུང་ གཞན་མི་སྡེ་ཚན་གྱིས་ སྐུགས་༡ ཡང་ ཆོད་མ་ཚུགསཔ་ཨིན་རུང་ སྐོར་ཐེངས་༡༥ པའི་ནང་ པཱན་ནེཌ་སྡེ་ཚན་གྱིས་ སྐུགས་ཆོད་བཏང་ཡོདཔ་ལས་ པའི་ནཱལ་ཊི་རྐྱབ་ཅི།
དེ་བཟུམ་སྦེ་ འོག་གི་འབའ་སྐྱོར་ནང་ སྲིད་ཅེ་དང་ གཡུས་རྒྱལ་ དེ་ལས་ བུ་ཊཱན་ཨེསི་པེར་ཤཱན་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་  ལྟོདམོ་ལྟ་མི་ བརྒྱ་ལས་བཅད་མི་ཚུ་གི་ མནོ་བསམ་ལས་འབད་བ་ཅིན་ རྒྱ་གར་ སི་ཀིམ་ལས་ སྲིད་ཅེ་སྡེ་ཚན་གྱིས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ སེམས་དགའ་ནི་མས་ཟེར་ཨིན་པས།
ལྟོདམོ་མི་ཚུ་གིས་ སྲེད་ཅི་སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་གིས་ མདའ་རྐྱབ་ད་ སྐད་རྐྱབ་ ཐལ་རྩེ་བརྡུང་ དགའ་བའི་བློ་སླབ་སྟེ་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ སྐོར་ཐེངས་༡༥ པའི་ནང་ སྐུགས་ཆོད་ཡོདཔ་ད་ གཡུས་རྒྱལ་སྡེ་ཚན་གྱིས་ སྐུགས་༢ ཆོད་ཡོདཔ་ཨིན་པས།
སྐོར་ཐེངས་༡༣ ཚུན་ གཡུས་རྒྱལ་སྡེ་ཚན་གྱིས་ སྐུགས་༦ ཡོད་པའི་སྐབས་ སྲིད་ཅེ་གིས་ སྐུགས་༡ དང་ གཞན་མི་སྡེ་ཚན་གྱིས་ སྐུགས་ཕུད་རྡོག་༡ ཡང་ ཐོབ་མ་ཚུགསཔ་ད་ སྐོར་ཐེངས་༡༤ པའི་ནང་ གཡུས་རྒྱལ་སྡེ་ཚན་གྱིས་ སྒོར་ཐིག་གུ་ བཀག་རེག་༣ དང་ གཞན་བཀག་རེག་༢ ཕོགཔ་ད་ སྲིད་ཅེ་སྡེ་ཚན་གྱིས་ བཀག་རེག་༢ དང་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༡ ལས་བརྒལ་ ཕོག་མ་ཚུགསཔ་ལས་ སྐུགས་ཆོད་དེ་ ཕམ་བཏང་ཡི།
ཀོ་ཊར་ ཕའི་ནཱལ་གྱི་ རྩེད་འགྲན་མཇུག་ར་ ད་རིས་ སི་ནོ་ལ་ཡཱོན་དང་ དཀོན་མཆོག་ཚེ་རིང་བཟོ་སྐྲུན་ དེ་ལས་ མཚམས་སྦྱར་བཟོ་སྐྲུན་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ ད་རིས་ རྒྱལ་ཁ་འཐོབ་མི་ སྡེ་ཚན་དེ་གིས་ མཐའ་བཅད་འོག་མའི་ནང་ལྷོད་མི་ སྡེ་ཚན་ཚུ་དང་གཅིག་ཁར་ རྩེད་འགྲན་འབད་དེ་ མཐའ་བཅད་འགྲན་བསྡུར་ནང་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment