གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསོད་ནམས་ཨོ་ཊོ་མོ་བཱ་ཡེལ་དང་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་༢ ཀྱིས་ མཐའ་བཅད་འོག་མའི་ནང་ ལྷོད་ཡོདཔ།

༢༣/༨/༢༠༡༢    ༉ ཁ་ཙ་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ལྟག་མའི་ནང་ བསོད་ནམས་ཨོ་ཊོ་མོ་བཱ་ཡེལ་དང་ ཊེ་ཤར་བཱེསི་ དེ་ལས་  ཏག་ཏོག་བཀག་རེག་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ བསོད་ནམས་ཨོ་ཊོ་མོ་བཱ་ཡེལ་དང་ ཊེ་ཤར་བཱེསི་ སྡེ་ཚན་༢ ཀྱི་བར་ན་ པེ་ནཱལ་ཊི་ཤུགས་ཨའུཊ་ཐོག་དོ་འགྲན་འབདཝ་ད་ བསོད་ནམས་ཨོ་ཊོ་མོ་བཱ་ཡེལ་སྡེ་ཚན་གྱིས་ བཀག་རེག་༣ རྐྱབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༢ ལས་བརྒལ་ཕོག་མ་ཚུགསཔ་ལས་ རྒྱལ་ཁ་ཐོབ་ཅི།


དེ་བཟུམ་སྦེ་ འོག་གི་འབའ་སྐྱོར་ནང་ རྒྱལ་ཡོངས་དགའ་སྐྱིད་དང་ ཕོསི་ཊར་ དེ་ལས་ བཟོ་རིག་གྲོས་བསྟུན་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་གྱིས་ སྐོར་ཐེངས་༡༥ འི་ནང་ སྐུགས་༥ ཆོདཔ་ད་ གཞན་མི་སྡེ་ཚན་༢ ཀྱིས་ སྐུགས་༡ ཡང་ཆོད་མ་ཚུགསཔ་ལས་ རྒྱལ་ཁ་ཐོབ་ཅི།
རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་གྱིས་ སྐོར་ཐེངས་༧ པའི་ནང་སྐུགས་ཅིག་ཆོད་པའི་ཤུལ་ལུ་ འཕྲོ་མཐུད་དེ་ར་ སྐོར་ཐེངས་༨ པ་དང་༩ པ་ དེ་ལས་ སྐོར་ཐེངས་༡༠ པ་འབདཝ་ད་ སྐོར་ཐེངས་རེ་རེའི་ནང་ སྐུགས་རེ་རེ་ཆོད་ཡོདཔ་མ་ཚད་ སྐོར་ཐེངས་༡༤ ནང་ ད་རུང་སྐུགས་ཅིག་ཆོད་ཡོད་རུང་ གཞན་མི་སྡེ་ཚན་༢ ཀྱིས་ སྐུགས་གཅིག་ཡང་ཆོད་མ་ཚུགསཔ་ཨིན་པས།
ད་ཚུན་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་གྱི་ སྐོར་ཐེངས་༡༥ འི་ནང་ སྐུགས་༥ ཆོད་ཚུགས་མི་མེདཔ་མ་ཚད་ ཀོ་ཊར་ཕའི་ནཱལ་གྱི་ རྩེད་འགྲན་ནང་ བཀག་རེག་༥༤ ཕོག་མི་དེ་ ད་ཚུན་ མཐོ་ཤོས་ཅིག་ཨིན་པས།
ད་རིས་ ལྟག་གི་འབའ་སྐྱོར་ནང་ བུ་ཊཱན་ཨེསི་པེར་ཤཱན་ལྟ་བཤལ་དང་ ཡུལ་རྒྱལ་ དེ་ལས་ སྲིད་ཅེ་སྡེ་ཚན་༣ གྱི་བར་ན་ དོ་འགྲན་འབད་ནི་དང་ འོག་གི་འབའ་སྐྱོར་ནང་ སྤྱི་མཐུན་བཟོ་སྐྲུན་དང་ སྡེ་ཚན་པ་ལ་ནེཌ་ཇེམ་ དེ་ལས་ ཨ་ཏ་བོ་ནིང་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
ཀོ་ཊར་ཕའི་ནཱལ་གྱི་ རྩེད་འགྲན་མཇུག་དེ་ ནངས་པ་ ཨིད་ནོ་ལ་ཞོན་ ཨིཌསི་ཊལ་དང་ དཀོན་མཆོག་ཚེ་རིང་བཟོ་སྐྲུན་ དེ་ལས་ མཚམས་སྦྱར་བཟོ་སྐྲུན་སྡེ་ཚན་༣ གྱི་བར་ན་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment