གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདུང་བསམ་རྩི་ས་ལས་འགུལ་ ད་རུང་ ཕྱིར་འགྱངས་འབད་ཡོདཔ།

 ༢༨/༠༨/༢༠༡༢། ༉ འབྲུག་རྒྱལ་ཁབ་ནང་ རྩི་སའི་ལས་འགུལ་སྦོམ་ཤོས་ཅིག་ཨིན་མི་ གདུང་བསམ་རྩི་ས་ལས་འགུལ་དེ་ ད་རུང་ དུས་ཅི་ ལས་འགུལ་མཇུག་བསྡུའི་ ཚེས་གྲངས་ཁར་ མཇུག་བསྡུ་མ་ཚུགསཔ་ལས་ ཐེངས་༣ པ་ ཕྱིར་འགྱངས་འབད་དགོཔ་ ཐོན་ཡོདཔ་ཨིན་པས།
མ་གཞི་ ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ རྩི་ས་བཟོ་ནི་གི་ རྡོ་ཕྱེ་བཟོ་སྐྲུན་འགོ་བཙུགས་ཏེ་ སྤྱི་ཟླ་༡༠ པའི་ནང་ལས་ རྩི་ས་བཟོ་སྐྲུན་ འགོ་བཙུགས་ནི་གི་ དམིགས་ཡུལ་ཨིན་པས།

གདུང་བསམ་རྩི་ས་ལས་འགུལ་གྱི་ ཡོངས་ཁྱབ་གཙོ་འཛིན་འགོ་དཔོན་ རྡོ་རྗེ་ནོར་བུ་གིས་ སླབ་མིའི་ནང་ ལས་འགུལ་གྱི་ བཟོ་སྐྲུན་ལས་སྡེ་གཙོ་ཅན་ཚུ་གི་ ཆེ་རིམ་འགོ་དཔོན་ཚུ་ཡོད་པའི་ མཉམ་འབྲེལ་སྡེ་ཚན་གྱིས་ ལས་འགུལ་གྱི་ས་གནས་ཁར་ ལྟ་ཞིབ་འབད་ཞིནམ་ལས་ ལས་འགུལ་མཇུག་བསྡུའི་ ཚེས་གྲངས་གཏན་འཁེལ་ བཟོ་ནི་ཟེར་ཨིན་པས།
ལས་འགུལ་དེ་ནང་ བཟོ་སྐྲུན་གྱི་ ཁག་འབགཔ་གཙོ་ཅན་ཚུ་ཡང་ རྒྱ་གར་གྱི་ལས་སྡེ་ ཝེ་དག་ཨིན་ཌི་ཡ་སྒེར་སྡེ་ཚད་འཛིན་དང་ ཨེ་བི་བི་ སྒེར་སྡེ་ཚད་འཛིན་ ཨ་ཡོ་ཀི་ཕེབ་རིག་ཀཱོན་ སྒེར་སྡེ་ཚད་འཛིན་ དེ་ལས་ པེཊ་རཱོན་བཟོ་རིག་སྒེར་སྡེ་ཚད་འཛིན་ཚུ་ཨིན་པས།
ལས་འགུལ་དེ་གི་ བཟོ་སྐྲུན་ནང་ དཀའ་ངལ་གྱི་དོ་འགྲན་གཙོ་བོ་ར་ ས་བརྐོ་དང་འབྲེལ་བའི་ལཱ་ནང་ བྱུང་ཡོདཔ་ད་ ས་བརྐོ་དགོ་པའི་ཚོད་རྩིས་ ས་ཀིའུ་བིག་མི་ཊར་༡༡༩,༦༥༠ ཡོད་མི་དེ་ ས་བརྐོ་ནི་ འགོ་བཙུགས་ཏེ་ ལཱ་འབད་བའི་བསྒང་ལས་ བྱག་དང་རྡོ་སྦོམ་ཚུ་ ཐོན་ཡོད་པའི་གནས་སྟངས་ལུ་བརྟེན་ ས་ཆ་རྒྱ་བསྐྱེད་ཐོག་ བརྐོ་དགོཔ་ཐོན་ཡོད་པའི་ཁར་ རྩི་ས་ཡང་ ལེ་ཤ་ཅིག་ བླུགས་དགོཔ་ཐོན་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༣༡ ཚུན་ལུ་ ས་ཀིའུ་བིག་མི་ཊར་༦༦༡,༡༠༠ བརྐོ་དགོཔ་ཐོན་ནུག་ཟེར་ཨིན་པས།
དེ་ཚུ་ལུ་བརྟེན་ གདུང་བསམ་རྩི་ས་ལས་འགུལ་གྱི་ བཟོ་སྐྲུན་མ་དངུལ་ཡང་ དངུལ་ཀྲམ་དུང་ཕྱུར་༢ དེ་ཅིག་ ཡར་སེང་སོང་ཡོདཔ་ལས་ ཡོངས་བསྡོམས་མ་དངུལ་དུང་ཕྱུར་༩ ལུ་ ལྷོད་ཡོད་པའི་ཁར་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ བཟོ་གྲྭ་འཕྲུལ་ཁང་ལས་ ༣ ལྟབ་ཀྱིས་ སྦོམ་ནི་ཨིན་པའི་ ལས་འགུལ་དེ་གི་དོན་ལུ་ དངུལ་ཀྲམ་དུང་ཕྱུར་༢ རྒྱ་གར་ལས་ སྐྱེད་བརྒྱ་ཆ་༡༣.༥ གི་ཐོག་ལུ་ སྐྱིན་འགྲུལ་ལེན་ཡོད་པའི་ཁར་ ད་རུང་ དངུལ་ཀྲམ་དུང་ཕྱུར་༢ ནང་འཁོད་དངུལ་ཁང་ཚུ་ལས་ ལེན་ཡོདཔ་ཨིན་པས།
རྡོ་རྗེ་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་གྱི་ མ་དངུལ་ཡར་སེང་སོང་མི་དང་ དུས་ཡུན་ཕྱིར་འགྱངས་ལུས་དགོ་པའི་ གནས་སྟངས་དེ་ཡང་ ས་བརྐོ་དང་འབྲེལ་བའི་ གནས་སྟངས་རྐྱངམ་གཅིག་མེན་པར་ ས་མཚམས་ཁར་ འཕྲལ་འཕྲལ་ར་ ངོ་རྒོལ་འགྲེམ་སྟོན་འབད་མི་དང་ རུ་པི་མ་ལང་པའི་དཀའ་ངལ་ དེ་ལས་ འཕྲལ་ཁམས་ཅིག་ཁར་ ཨ་སམ་ལུ་ མི་རིགས་ཀྱི་བྲེལ་ཟིང་ཐོན་མི་ལུ་བརྟེན་ ལས་མི་དང་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མ་ཚུགས་པའི་ བར་ཆད་རྐྱབ་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༠ ལུ་ ཆར་ཆུའི་དུས་ཚོད་ ཡུན་རིང་པའི་ཁར་ དུས་ཅི་་ སྤྱི་ཟླ་༦ པ་དང་༧ པའི་ནང་ ཆུ་རུད་ཐོན་མི་དེ་གིས་ འཐུང་ཆུའི་སྦྲེལ་མཐུད་དང་ གློག་མེའི་སྦྲེལ་མཐུད་ཡང་ མེདཔ་བཏང་བའི་ཁར་ སྣུམ་འཁོར་ལམ་ཚུ་ མེདཔ་བཏང་མི་དེ་གིས་ཡང་ བར་ཆད་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
གདུང་བསམ་རྩི་ས་ལས་འགུལ་དེ་ མཇུག་བསྡུ་བའི་བསྒང་ལས་ བཟོ་གྲྭ་དེ་གིས་ ཉིནམ་རེ་ནང་ རྩི་ས་མེ་ཊིག་ཊཱོན་༤,༡༣༠ དང་ རྩི་ས་བཟོ་ནིའི་ རྡོ་ཕྱེ་མེ་ཊིག་ཊཱོན་༣,༠༠༠ རེ་ བཟོ་ཚུགས་པའི་ ནུས་ཚད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment