གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མང་སྡེ་ཆུ་གིས་ ཕོ་སྐྱེས་ཅིག་འཕྱགས་བདའ་ཡོདཔ།

༢༡/༨/༢༠༡༢   ༉    སྤྱི་ཟླ་༨ པའི་ཚེས་༡༧ དྲོ་པའི་ཆུ་ཚོད་༤.༣༠ དེ་ཅིག་ཁར་ ཀྲོང་གསར་མང་སྡེ་ཆུ་གིས་ སྐྱེས་ལོ་༣༡ ལང་མི་ཕོ་སྐྱེས་ཅིག་ འཕྱགས་བདའ་མི་ལུ་བརྟེན་ མི་སེར་དང་ ཁྲིམས་སྲུང་འགག་པ་ མང་སྡེ་ཆུའི་ལས་འགུལ་ལས་བྱེདཔ་ དེ་ལས་མི་སྡེ་ཡོངས་བསྡོམས་མི་གྲངས་༨༠ དེ་ཅིག་གིས་ ད་ལྟོའི་བར་ན་ཡང་ ཕུངམོ་འཚོལ་བའི་བསྒང་ཡོདཔ་ཨིན་པས།


བྱུང་རྐྱེན་དེ་ཡང་ ཀྲོང་གསར་ལས་གཞལམ་སྒང་ཁ་ཐུག་གི་ ཀི་ལོ་མི་ཊར་༡༦ དེ་ཅིག་གི་ ས་གནས་ བཀྲིས་སྡིངས་ཁའི་གཡུས་ཚན་ནང་བྱུང་ཡོདཔ་ད་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཤི་རྐྱེན་བྱུང་མི་ འཇིགས་མེད་ཚུལ་ཁྲིམས་དེ་ ཉ་བཟུང་པར་སོང་སོངམ་ཡོང་ནི་མས་ཟེར་ཨིནམ་ད་ ཁོ་གི་ཆ་རོགས་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོ་གཙང་ཆུའི་ནང་རྦོབ་རིལ་སོང་བའི་ཤུལ་ལུ་ གཙང་ཆུ་གིས་ འཕྱགས་བདའ་མཆིས་ཡི་ཟེར་ཨིན་པས།
འཇིགས་མེད་ཚུལ་ཁྲིམས་དེ་ལུ་ གནས་ཚང་དང་ ཨ་ལུ་བུ་ཅིག་ཡོདཔ་ད་ ཁོ་ར་ མང་སྡེ་ཆུའི་གློག་མེ་ཚད་སྤེལ་ཁང་གི་ གློག་ཐག་བཙུགས་མི་ཨིན་པས།
རྒྱལ་ཁབ་ནང་ ད་རེས་ཀྱི་རྐྱེན་ངན་དེ་རྩིསཝ་ད་ དུས་ཅི་ལོ་ནང་ལུ་ མི་གྲངས་ དགུ་ཆུ་གིས་འཕྱགས་བདའ་ཡོདཔ་ཨིན་པས།
འདི་དང་འབྲེལ་ སྤྱི་ཟླ་ ༧ པའི་ཚེས་༢༥ ལུ་ ཐིམ་ཕུ་ཆུ་བར་ཆུའི་རོང་ཆུ་གིས་སྐྱེས་ལོ་༨ འབད་མི་སློབ་ཕྲུག་ཨ་ལུ་འཕྱགས་འབག་མིའི་རོ་དེ་ ད་ལྟོའི་བར་ན་ཡང་འཚོལ་མ་ཐོབ་པར་ཡོདཔ་ཨིནམ་ད་ གཙང་ཆུ་བདའ་སྟེ་ལྟ་རྟོག་འབད་མིའི་ ཁྲིམས་སྲུང་འགག་པ་ཚུ་གིས་ དྲན་སྟོན་ཐོག་ལུ་སྡོདཔ་ཨིན་ཟེར་བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment