གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ཚུ་ལུ་ རྐངམ་གི་སྦོ་ནད་ཐོབ་ཡོདཔ།

༢༣/༨/༢༠༡༢   ༉ འདས་པའི་བདུན་ཕྲག་ཅིག་གི་ཧེ་མར་ ཆུ་ཁ་རྫོང་ཁག་འོག་གི་ སྐྱབས་ཆ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་དག་པ་ཅིག་ལུ་ རྐངམ་སྦོ་སྟེ་ན་མི་དེ་ ཟས་བཅུད་མ་ལང་མི་ལུ་བརྟེན་ཨིན་པའི་ དོགས་སྣང་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ གཏན་འཁེལ་མ་འགྱོཝ་ཨིན་པས།


སྐྱབས་ཆ་སྨན་ཁང་འབྲིང་མ་ལས་ ཌོག་ཊར་འཕྲིན་ལས་དཔལ་བཟང་གིས་འབད་བ་ཅིན་ བདུན་ཕྲུག་༡ གི་ཧེ་མར་ སློབ་ཕྲུག་༢ རྐངམ་སྦོ་སྟེ་ནཝ་མས་ཟེར་ རྩི་མ་ལ་ཁ་སྨན་ཁང་ནང་འོངཡོདཔ་ད་ དེ་གི་ཤུལ་ལས་ ནད་རྟགས་ཅོག་འཐདཔ་སྦེ་ན་མི་ སློབ་ཕྲུག་༡༥ དེ་ཅིག་ ཐོན་ཡི་ཟེར་ཨིན་པས།
སྐྱེས་ལོ་༡༥ ལས་༡༩ འབད་མི་སློབ་ཕྲུག་ཚུ་ སློབ་རིམ་༧ པ་ལས་༡༠ པ་ཚུན་གྱི་ སློབ་ཕྲུག་ཨིནམ་མ་ཚད་ ཁོང་ག་ར་ སློབ་གྲྭ་ནང་སྡོད་ལྟོ་ཐོབ་སློབ་ཕྲུག་ཚུ་ཨིན་པས།
ཌོག་ཊར་འཕྲིན་ལས་དཔལ་བཟང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐངམ་དུམ་གྲ་རེ་ སྦོ་སྟེ་ན་མི་སློབ་ཕྲུག་ཚུ་ ལོག་སློབ་གྲྭ་ནང་བཏང་ཡོདཔ་ད་ ན་ཧིང་ཡང་ སློབ་ཕྲུག་དག་པ་ཅིག་ལུ་ ནད་གཞི་དེ་བཟུམ་ཐོབ་ཡོདཔ་ཨིན་རུང་ སྨན་ཁང་ནང་ལས་ ཝི་ཊ་མིན་གྱི་སྨན་ལེབ་ཚུ་ བྱིན་པའི་ཤུལ་ལུ་ དྲག་ནུག་ཟེར་ཨིན་པས།
དེ་གི་སྐོར་ལས་ ཞིབ་འཚོལ་ཚུ་འབད་དོ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ གནས་སྟངས་ཚུ་ ཨ་རྟག་ཧར་ལུགས་ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།
ཁ་ཙ་ མི་མང་འཕྲོད་བསྟེན་བརྟག་དཔྱད་ལས་ཁང་ལས་ གསོ་བའི་ལས་བྱེདཔ་སྡེ་ཚན་ཅིག་ སློབ་གྲྭ་ནང་ དབྱེ་ཞིབ་འབད་བར་ལྷོད་ཡོདཔ་ད་ སྡེ་ཚན་གྱི་འགོ་འཛིན་ བསོད་ནམས་དབང་ཕྱུག་གིས་ བཤད་མིའི་ནང་ ད་རེས་ གནས་སྟངས་རྩུབ་དྲགས་ཅིག་སྦེ་མེད་རུང་ ནད་གཞི་ཐོབ་མི་ སློབ་ཕྲུག་ཚུ་ལས་ ཁྲག་གི་དཔེ་ཚད་ཚུ་ ལེན་ཡི་ཟེར་ཨིན་པས།
སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ སློབ་གྲྭ་དེ་གི་ སློབ་ཕྲུག་ཚུ་གི་ནད་རྟགས་ཚུ་ བསམ་གྲུབ་ལྗོངས་མཁར་ ཨོ་རོང་སློབ་གྲྭའི་སློབ་ཕྲུག་ཚུ་བཟུམ་སྦེ་ ཐོན་ཐོནམ་མེད་རུང་ ད་རེས་ ཚན་རིག་བརྟག་དཔྱད་འབད་མི་དེ་ བཀག་ཐབས་ཀྱི་ ཐབས་ལམ་བཟུམ་ཅིག་ ཨིན་མས་ཟེར་ཨིན་པས།
བསོད་ནམས་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ མ་གཞི་ དེ་བཟུམ་མའི་ ནད་གཞི་དེ་ ན་ཧིང་ཡང་ ཚར་ཅིག་ཐོབ་ཡོད་རུང་ བརྟག་དཔྱད་ཁང་ནང་ སྙན་ཞུ་མ་འབད་བར་བཞག་སྟེ་ དུས་ཅི་ སྙན་ཞུ་འབད་མི་དེ་ རྒྱལ་ཁབ་ཀྱི་སློབ་གྲྭ་གཞན་ཚུ་ནང་ ཟས་བཅུད་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
ད་རེས་ བསྡུ་ལེན་འབད་མི་ ཁྲག་གི་དཔེ་ཚད་ཚུ་ དབྱེ་ཞིབ་འབད་ཐོག་ལས་ གྲུབ་འབྲས་ཚུ་ འཕྲལ་མགྱོགས་ར་ བཏོན་ནི་ཨིན་ཟེར་ འགོ་འཛིན་གྱིས་ སླབ་ཨིན་པས།
སློབ་གྲྭའི་དབུ་འཛིན་འོག་མ་ ཡོན་ཏན་དཔལ་བཟང་གིས་ འབད་བ་ཅིན་ སློབ་གྲྭ་ནང་ དེ་བཟུམ་མའི་ནད་གཞི་ཚུ་ ཐོན་ཐོནམ་ར་མེད་ཟེར་ཨིནམ་ད་ ད་རེས་ཁམས་ཅིག་ཁར་ ནདཔ་ཐོན་མི་ སློབ་ཕྲུག་༤ པོ་དེ་ཡང་ ཨ་རྟག་བཟུམ་སྦེ་དྲག་སྟེ་ དཔེ་ཆ་ལྷབ་དོ་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ དེ་ལུ་ ཁ་བསྐོང་སྦེ་ སླབ་མིའི་ནང་ ནདཔ་ཐོན་མི་ སློབ་ཕྲུག་༤ ལས་༢ ཀྱི་རྐངམ་སྦོ་ཡོདཔ་ཨིན་རུང་ གཞན་མི་༢ ཀྱི་རྐངམ་ཚུ་ ཕུཌ་བཱོལ་རྩེད་འགྲན་འབད་མི་ལུ་བརྟེན་ སྦོ་ནུག་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment