གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་མདའ་རྩེད་ མཐའ་བཅད་འོག་མ་ ཁ་ཙ་ མཇུག་བསྡུ་ཡོདཔ།

༢༧/༨/༢༠༡༢   ༉ ཁ་ཙ་ ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ ཌའི་གཱོན་རུཌ་དང་ རྒྱལ་ཡོངས་དགའ་སྐྱིད་ དེ་ལས་ འབྲུག་ཡུལ་སྡེ་ཚན་༣ གྱི་བར་ན་ མཐའ་བཅད་འོག་མའི་རྩེད་འགྲན་མཇུག་འབད་བའི་སྐབས་ ཌའི་གཱོན་རུཌ་གིས་ རྒྱལ་ཁ་ཐོབ་སྟེ་ མཐའ་བཅད་ནང་ལྷོད་ཅི།
དོ་འགྲན་ཅན་གྱི་རྩེད་འགྲན་འབདཝ་ད་ ལྟདམོ་བལྟ་མི་ཚུ་ལུ་ སྤྲོ་བ་བྱུང་ཡོདཔ།


དེ་ཡང་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་འོག་མའི་ནང་ སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ ཌའི་གཱོན་རུཌ་ སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་གིས་ ཀོ་ཊར་ཕའི་ནཱལ་ལས་ རྒྱལ་ཁ་ཐོབ་འོང་མི་ སྡེ་ཚན་དྲག་ཤོས་༢ དང་གཅིག་ཁར་ དོ་འགྲན་འབད་དེ་ རྩེད་འགྲན་འབད་ཡོདཔ་ལས་ སྡེ་ཚན་འདི་གིས་ སྐོར་ཐེངས་མཇུག་གི་ནང་ དོབ་སྦྱེལ་༢ དང་ བཀག་རེག་ལེ་ཤ་རྐྱབ་སྟེ་ སྐུགས་ཆོད་ཐོག་ལས་རྒྱལ་ཁ་ཐོབ་མི་ལུ་ ལྟདམོ་བལྟ་མི་ཚུ་ཡང་ ཧ་ལས་དགོཔ་བྱུང་ཡི།
སྡེ་ཚན་༣ གྱི་བར་ན་ དོ་འགྲན་ཅན་གྱི་ རྩེད་འགྲན་འབད་བའི་བསྒང་ར་ ཌའི་གཱོན་རུཌ་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ སྐོར་ཐེངས་༩ གི་ནང་འཁོད་ལུ་ ཆོད་ཡོདཔ་ལས་ སྡེ་ཚན་གཞན་མི་༢ ཀྱིས་ སྐུགས་༢ པ་ཆོད་ནིའི་དོན་ལུ་ རང་སོའི་རིག་རྩལ་དང་ ལྕོགས་གྲུབ་ཚུ་བཏོན་ཏེ་ རྩེད་འགྲན་འབད་རུང་ སྐོར་ཐེངས་༡༢ པའི་ནང་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་གྱིས་ སྐུགས་གཅིག་ཆོད་ཚུགས་ཅི།
རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་གྱིས་ ཀོ་ཊར་ཕའི་ནཱལ་ནང་ རྩེད་འགྲན་འབདཝ་ད་ སྐོར་ཐེངས་༡༥ འི་ནང་ སྐུགས་༥ ཆོད་པའི་ཁར་ བཀག་རེག་ཡང་༥༤ ཕོག་ཏེ་ སྡེ་ཚན་ཚུ་ལས་ དྲག་ཤོས་ཅིག་གི་གྲངས་སུ་ཚུད་ཡོདཔ་ཨིན་རུང་ ཁ་ཙ་ མཐའ་བཅད་འོག་མའི་ནང་ལྷོད་པའི་བསྒང་ལས་ སྐུགས་གཅིག་དང་ བཀག་རེག་༣༨ ལས་ ཕོག་མ་ཚུགསཔ་ཨིན་པས།
ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་ནང་ དུས་ཅི་ རྒྱལ་ཁབ་ནང་འཁོད་ལས་ བཅའ་མར་གཏོགས་མི་སྡེ་ཚན་༢༦༠ ཡོདཔ་ད་ གཡང་འཕེལ་གྱི་ མདའ་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ལས་ རྫོང་ཁག་སོ་སོ་ཚུ་ནང་ལུ་སྦེ་ འགོ་བཙུགས་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་སྡེ་ཚན་༢༦༠ ཡོད་མི་ལས་ ཀོ་ཊར་ཕའི་ནཱལ་གྱི་དོན་ལུ་ སྡེ་ཚན་༢༧ གྱིས་ ལྷོད་ཡོདཔ་བཞིན་དུ་ མཐའ་བཅད་འོག་མའི་རྩེད་འགྲན་གྱི་དོན་ལུ་ དྲག་ཤོས་སྡེ་ཚན་༩ གིས་ ལྷོད་ཡོད་མི་ལས་ མཐའ་བཅད་ཀྱི་ རྩེད་འགྲན་ནང་ སྡེ་ཚན་༣ གྱིས་ལྷོད་ཅི།
མཐའ་བཅད་ཀྱི་རྩེད་འགྲན་དེ་ སྤྱི་ཟླ་༩ པའི་ཚེས་༢ རེས་གཟའ་ཟླཝ་ལུ་ ཌའི་གཱོན་རུཌ་དང་ དཔལ་ལྡན་ཚོང་ལས་སྡེ་ཚན་ དེ་ལས་ ཡུལ་རྒྱལ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ དྲག་ཤོས་ཀྱི་གསོལ་རས་ཚུ་ཡང་ དེ་བསྒང་ བྱིན་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment