གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢ རེའི་དོན་ལུ་ ས་སྟོང་རེ་ཡོདཔ།

༢༤/༨/༢༠༡༢   ༉ ལས་གཡོག་ལྷན་ཁག་གི་ ལཱ་གཡོག་བརྡ་དོན་ལམ་སྟོན་དཔེ་དེབ་དང་འཁྲིལཝ་ད་ ད་རེས་ རྒྱལ་ཁབ་ནང་ ལཱ་གཡོག་དང་ སྦྱོང་བརྡར་གྱི་གོ་སྐབས་༢,༢༢༣ ཡོད་མི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མིའི་ གྱངས་ཁ་དང་ཕྱདཔ་ད་༤༠༠ གིས་ ཉུངམ་ཨིན་པས།


དེ་འབདཝ་ད་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༥༩༧ གྱིས་ ཞི་གཡོག་ནང་ འཛུལ་ཞུགས་འབད་ནི་ཨིནམ་བཞིན་དུ་༢,༠༢༦ གིས་ ལས་འཛིན་དང་ སྒེར་སྡེ་ཚུ་ནང་ ལཱ་གཡོག་གི་ས་སྟོང་༡,༦༢༦ ཡོད་མིའི་ནང་ གོ་སྐབས་ལེན་ནི་ཨིན་པས།
དུས་ཅི་གི་ ལཱ་གཡོག་བརྡ་དོན་ལམ་སྟོན་དཔེ་དེབ་དེ་ སྤྱི་ཟླ་༧ པའི་ཚེས་༢༠ དང་ སྤྱི་ཟླ་༨ པའི་ཚེས་༨ ཀྱི་བར་ན་ བཟོ་ཡོདཔ་ད་ དེ་ཡང་ ལས་སྡེ་ཁག་ཚུ་དང་གཅིག་ཁར་ ཐད་ཀར་དུ་ དྲི་ཞིབ་འབད་དེ་ བསྡུ་སྒྲིག་ཐོག་ བཟོ་ཡོདཔ་ཨིན་པས།
དཔེ་དེབ་ནང་ སྦྱོང་བརྡར་༩༤༩ དང་ ལཱ་གཡོག་གི་ས་སྟོང་༡,༢༧༤ བསྡུ་བཀོད་འབད་མི་ཚུ་ གཞུང་གི་རྩིས་ཏེ་ཨིན་པས།
དེ་མ་ཚད་ རྒྱལ་ཞི་གཡོག་ལྷན་ཚོགས་ལས་ འོས་འབབ་ལག་ཁྱེར་ཐོབ་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་དོན་ལུ་ ཞི་གཡོག་གི་ བདག་སྐྱོང་སྡེ་ཚན་ནང་ ས་སྟོང་༧༠ ལྷགཔ་ཅིག་ཡོདཔ་ཨིན་པས།
གཞུང་གི་ཤུལ་ལས་ར་ ས་སྟོང་གི་གྱངས་ཁ་མཐོ་ཤོས་ གསལ་བསྒྲགས་འབད་མི་དེ་ སྒེར་སྡེ་ཨིནམ་ད་ དེ་ཡང་ ཝིབ་རོ་ལས་སྡེ་རྐྱངམ་གཅིག་ནང་ར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༤༥༠ དགོས་མཁོ་ཡོདཔ་ཨིན་པས།
ལས་གཡོག་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ སླབ་མིའི་ནང་ མ་གཞི་ ཝིབ་རོ་ལས་སྡེ་ནང་ ས་སྟོང་ལེ་ཤ་ཡོད་དེ་འབད་རུང་ ངོ་མ་འཛུལ་ཞུགས་འབད་མི་ ག་དེམ་ཅིག་ འཐོན་འོང་ག་ མི་ཤེས་པར་ཟེར་ཨིནམ་ད་ དེ་ཡང་ འདས་པའི་ལོ་ནང་ ས་སྟོང་ཕྱེད་ཀ་དེ་ཅིག་ཡང་ བསུབ་མ་ཚུགས་པས་ཟེར་ཨིན་པས།
བཟའ་ཁང་དང་ ཚོང་ལས་ཁང་ སློབ་གྲྭ་ ལྟ་བཤལ་ལས་སྡེ་བཟུམ་མའི་ སྒེར་སྡེ་ཚུ་གིས་ ལས་དོན་སྣ་ཚོགས་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢༠༩ དགོས་མཁོ་ཡོད་པའི་ ས་སྟོང་གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ དངུལ་ཕོགས་ཀྱི་ཐད་ཁར་ དངུལ་ཀྲམ་༤,༠༠༠ ལས་༢༥,༠༠༠ ཚུན་ བྱིན་ནི་ཨིན་པས།
དེ་ལས་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ས་སྟོང་༡༣༦ ཡོདཔ་ད་ དེ་ཡང་ བརྒྱ་ཆ་༩༡ དེ་ཅིག་ བཟོ་རིགཔ་ཚུ་གི་དོན་ལུ་ཨིནམ་ད་ དངུལ་ཕོགས་ཀྱི་ཐད་ཁར་ དངུལ་ཀྲམ་༡༠,༠༠༠ ལས་ འགོ་བཙུགས་ཏེ་ ཉམས་མྱོང་ཡོད་མི་ཚུ་ལུ་ དངུལ་ཀྲམ་༣༥,༠༠༠ ལྷགཔ་རེ་ ཡོདཔ་ཨིན་པས།
ཐིམ་ཕུ་ ཊེག་པཱག་དང་ སྤྱི་ཕན་རིག་འཕེལ་ལས་འགུལ་ནང་ཡང་ སྦྱོང་བརྡར་གྱི་དོན་ལུ་ ས་སྟོང་༢༠༠ དེ་ཅིག་ཡོདཔ་ཨིན་པས།
རང་གིས་ ལཱ་འབད་འདོད་ཡོད་མི་ཚུ་གི་དོན་ལུ་ ལས་གཡོག་ལྷན་ཁག་གིས་ ས་སྟོང་༢༠༠ གསལ་བསྒྲགས་འབད་ཡོདཔ་མ་ཚད་ ཟླཝ་༡ གི་རིང་ ཚོང་ལས་སྦྱོང་བརྡར་བྱིན་ནི་ཨིན་པའི་ཁར་ སྐྱེད་བརྒྱ་ཆ་༡༠ གྱི་ཐོག་ལུ་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡ ཚུན་ བྱིན་ནི་ཨིནམ་ད་ ལོ་༡༠ ནང་ བསྐྱིན་ཚབ་བཏབ་ནིའི་དོན་ལུ་ སྐྱེད་བརྒྱ་ཆ་༡༢ འབད་མི་ ཨོ་བར་ཌཕཊི་ བྱིན་ནི་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ལེ་ཤ་ཅིག་གིས་ སླབ་མིའི་ནང་ དང་པ་ར་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ལུ་ བསྒུག་ཞིནམ་ལས་ གདམ་ཁ་རྐྱབ་ནི་ཨིན་ཟེར་ཨིནམ་ད་ ཁོང་དག་པ་ཅིག་གིས་ ལཱ་གཡོག་བྱིན་མི་ཚུ་ལུ་ ས་སྟོང་ཡོད་མེད་ཀྱི་ དྲི་ཞིབ་འབད་ལྟཝ་ད་ ལ་ལུ་ཅིག་ ས་སྟོང་གང་ཡོད་པའི་ཁར་ ལ་ལུ་ཅིག་ནང་ ཉམས་མྱོང་དགོ་པའི་ ལོ་རྒྱུས་ཚུ་ སླབ་མས་ཟེར་བའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment