གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་ནི།

༢༩/༨/༢༠༡༢   ༉ ཁ་ཙ་ ལས་ཁུངས་ཁག་གི་བར་ན་ ཕུཌ་བཱོལ་རྩེད་འགྲན་འབད་བའི་སྐབས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ བློན་ཆེན་ཡིག་ཚང་གིས་ ད་རིས་ རྩེད་འགྲན་འབད་ནི་ཨིན་མི་ མཐའ་བཅད་འགྲན་བསྡུར་ འོག་མའི་ནང་ ལྷོད་ནུག།
འབྲུག་རྒྱལ་ཡོངས་དངུལ་ཁང་(ཁེན་འཇར་དམརཔོ་)དང་ འབྲུག་གློག་མེ་ལས་འཛིན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ ཕུཌ་བཱོལ་རྩེད་ཐང་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་གློག་མེ་ལས་འཛིན་གྱི་བར་ན་ རྩེད་འགྲན་འབདཝ་ད་ བར་མཚམས་ཚུན་ སྡེ་ཚན་ག་གིས་ཡང་ གཱོལ་བཙུགས་མ་ཚུགསཔ་ཨིན་རུང་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ བར་མཚམས་ཀྱི་ཤུལ་ལས་ དུས་ཡུན་སྐར་མ་༣༥ འི་ནང་ བྱང་ཕྱད་་སྡེ་ཚན་ལུ་ གཱོལ་༡ བཙུགས་ཡོདཔ་མ་ཚད་ སྐར་མ་༥ གི་རྒྱབ་ལས་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
དེ་བཟུམ་སྦེ་ སེམས་རྟོགས་ཁ་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་ ཕུཌ་བཱོལ་རྩེད་ཐང་ནང་ བློན་ཆེན་ཡིག་ཚང་དང་ རྒྱལ་གཞུང་ཉེན་བཅོལ་ཚད་འཛིན་གྱི་བར་ན་ མཐའ་བཅད་འོག་མའི་དོན་ལུ་ དོ་འགྲན་འབདཝ་ད་ བློན་ཆེན་ཡིག་ཚང་གིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༢ བཙུགས་ནུག།
ད་རིས་ མུ་ཏིག་ཐང་ཕུཌ་བཱོལ་རྩེད་ཐང་ནང་ འབྲུག་གི་དངུལ་ཁང་དང་ བློན་ཆེན་ཡིག་ཚང་གི་བར་ན་ རྩེད་འགྲན་འབད་ནི་དང་ སེམས་རྟོགས་ཁ་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་ ཕུཌ་བཱོལ་རྩེད་ཐང་ནང་ ཤེས་རིག་ལྷན་ཁག་ལས་ སློབ་དཔོན་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་ཀྱི་དོན་ལུ་ རྩེད་འགྲན་འབད་ནི་ཨིན་པས།
ན་གཞོན་རྩེད་རིགས་ལས་ཁུངས་ལས་ འགོ་འདྲེན་པ་ དམ་ཆོས་འོད་གསལ་གྱིས་ སླབ་མི་དང་འཁྲིལཝ་ད་ ལས་ཁུངས་ཁག་གི་བར་ན་ རྩེད་འགྲན་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་དེ་ དབང་འདུས་ཕོ་བྲང་རྫོང་ བསྐྱར་བཞེངས་ཀྱི་ མ་དངུལ་བསྡུ་ལེན་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་རེས་ཀྱི་རྩེད་འགྲན་ནང་ སྡེ་ཚན་༣༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༨,༥༠༠ རེ་འབདཝ་ད་ ཡོངས་བསྡོམས་དངུལ་ཀྲམ་༢,༧༢,༠༠༠ བསྡུ་ལེན་འབད་ཡོདཔ་ད་ ན་གཞོན་རྩེད་རིགས་ལས་ཁུངས་ཀྱིས་ གསོལ་རས་དང་ གཞན་ལས་རིམ་ཁག་གི་དོན་ལས་ དངུལ་ཀྲམ་༥༠,༠༠༠ བྱིན་ཡོདཔ་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment