གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡུག་སྲུང་གི་ལམ་ལུགས་ ད་ལྟོ་ཡང་ མ་ཉམས་པར་ཡོདཔ།

༢༠/༨/༢༠༡༢   ༉ སྲང་ཅུ་དེ་ དབང་འདུས་ཕོ་བྲང་ ཨ་ཐང་རྒེད་འོག་ སེང་གེ་རྣམ་རྒྱལ་མི་སྡེ་སློབ་གྲྭ་ཆུང་བའི་ ཐབ་ཚངཔ་ཨིནམ་ད་ ཁོ་གིས་ འདས་པའི་ཟླཝ་༣ དེ་ཅིག་གི་ཧེ་མ་ལས་ སློབ་གྲྭའི་ བཞེས་སྒོ་འབད་ནི་ལས་ གནས་སྐབས་ཅིག་གི་དོན་ལུ་ ཟུར་སྡོད་མི་དེ་ཡང་ མི་སྡེ་གིས་ བཀག་ཆ་འབད་མི་ལུ་བརྟེན་ཏེ་ཨིན་པས།
ཡུག་སྲུང་གི་ལམ་ལུགས་ དམ་དམ་སྦེ་བརྩི་དོ་ཡོད་པའི་ ཨ་ཐང་རྒེད་འོག་གི་ རུ་ཁ་གཡུས་ཚན།


དེ་ཡང་ སློབ་ཕྲུག་ཨ་ལུ་ཚུ་གི་ ཕམ་ཚུ་གིས་ ཉེན་ཁ་བཀལ་བའི་ཤུལ་ལུ་ སློབ་གྲྭའི་དབང་འཛིན་གྱིས་ ཁོ་གི་ཚབ་སྦེ་ སློབ་གྲྭའི་སྲུང་རྒྱབ་དེ་ བཏོན་ཡོདཔ་བཞིན་དུ་ ད་རེས་ སྲང་ཅུ་དེ་ སྲུང་རྒྱབ་ཀྱི་ ལཱ་འབད་དོ་ཡོདཔ་ཨིན་པས།
དེ་སྦེ་ ཟུར་སྡོད་མི་དེ་ཡང་ རྩི་རང་རྫོང་ཁག་ནང་ལས་ཨིན་མི་ ཐབ་ཚངཔ་སྲང་ཅུ་ལུ་ བཞེས་སྒོ་འབད་ནིའི་ ཁྱད་ཆོས་དང་མ་ལྡནམ་མེན་པར་ དུས་ཅི་ སྤྱི་ཟླ་༣ པའི་ནང་ ཁོ་རའི་ གནས་ཚང་གྱོངས་སོ་པའི་ཤུལ་ལས་ ས་གནས་ཀྱི་ ལམ་ལུགས་དང་འཁྲིལ་ཏེ ཨ་ལུ་ཚུ་ ཁོ་གི་ལགཔ་ལས་ བཞེས་སྒོ་དང་ ཟས་རིགས་ཚུ་ བཟའ་མ་བཏུབ་ནི་དེ་གིས་ཨིན་པས།
གལ་སྲིད་ ཨ་ལུ་ཚུ་གིས་ ཁོ་གི་ལགཔ་ལས་ བཞེས་སྒོ་བཟའ་བ་ཅིན་ ཁོ་ལུ་ མི་གཙང་བའི་གྲིབ་ཡོདཔ་ལས་ དུག་ལུ་འགྱུར་ཏེ་ ཟས་གྲིབ་ཚུད་ནིའི་ ཉེན་ཁ་ཡོད་ནི་དེ་གིས་ཨིན་པས།
ལམ་ལུགས་དེ་ལུ་ ས་གནས་ཀྱི་ མི་སེར་ཚུ་གིས་ ཡུག་སྲུང་ཟེར་ སླབ་དོ་ཡོདཔ་ད་ ཨ་ཐང་རྒེད་འོག་ རུ་ཁ་དང་ ལ་ཝ་ལམ་དགའ་སྤྱི་འོག་གི་ མི་སེར་ཚུ་གིས་ དང་ཕུ་ལས་ར་ བརྩི་སྲོལ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ བཤད་མིའི་ནང་ ལམ་ལུགས་དང་འཁྲིལཝ་ད་ གལ་སྲིད་ གཡུས་ཚན་ནང་ ཕོ་སྐྱེས་ཅིག་ ཤི་སོ་པ་ཅིན་ ཚེ་འདས་ཀྱི་ གནས་ཚང་གི་ལགཔ་ལས་ བཞེས་སྒོ་དང་ ཟས་རིགས་ཚུ་ བཟའ་མི་བཏུབ་ནི་དང་ དེ་བཟུམ་སྦེ་ར་ ཨམ་སྲུ་གྱོངས་སོ་པ་ཅིན་ རྨགཔ་གི་ལགཔ་ལས་ བཟའ་མ་བཏུབ་པའི་ཁར་ ཐ་ན་ ཅ་ཆས་ཚུ་ཡང་ ལགཔ་བཤེད་མ་བཏུབ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཚེ་འདས་ཀྱི་ རོ་བསྡུ་རྐྱབ་མི་དེ་ཡང་ ཅོག་འཐདཔ་སྦེ་ར་ བརྩི་དོ་ཡོདཔ་ཨིན་རུང་ ལགཔ་བསྲུང་ནིའི་དོན་ལུ་ དུས་ཡུན་གྱི་ཁྱད་པར་ ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ བཤད་མིའི་ནང་ རྨགཔ་དང་གནས་ཚང་ གང་རུང་ཅིག་ལུ་ ཤི་རྐྱེན་བྱུང་མིའི་ ཁྱིམ་དེ་ནང་ བཤལ་བར་འགྱོ་ནི་དེ་ཡང་ རྣམ་རྟོག་བསྐྱེད་དོ་ཡོདཔ་མ་ཚད་ ཁོང་ཆ་ཁྱབ་ ག་དེམ་ཅིག་སྦེ་ རང་གི་ཁྱིམ་ནང་ བཤལ་བར་འོང་རུང་ བཞེས་སྒོ་བཟའ་ནིའི་ ཐ་ལི་ཕོརཔ་ཚུ་ཡང་ སོ་སོ་སྦེ་ར་ བཏོན་བྱིན་དོ་ཡོདཔ་ད་ ད་རུང་ ཤུལ་ལས་འོང་རུང་ ཧེ་མ་བྱིན་མི་ ཐ་ལི་ཕོརཔ་ནང་ར་ བླུགས་བྱིན་དོ་ཡོདཔ་ཨིན་པས།
རུ་ཁ་གཡུས་ཚན་ལས་ སྐྱེས་ལོ་༨༠ ལང་མི་ ཨ་རྒས་ཏེག་པ་གིས་ བཤད་མིའི་ནང་ ཡུག་ས་མོ་དང་ ཡུག་ས་ཕོ་ཚུ་ དུས་ཚོད་ཅིག་གི་རིང་ ལྷ་ཁང་དང་ དགོན་ཁང་ཚུ་ནང་ཡང་ འཛུལ་བཅུག་ནི་ལས་ བཀག་ཆ་འབད་མི་དེ་ཡང་ གཙོ་བོ་ར་ ཁོང་ལུ་ གྲིབ་ཡོད་ནི་དེ་གིས་ ཆོས་སྐྱོང་སྲུང་མ་ཚུ་དང་ སྐྱེ་ལྷ་ཡུལ་ལྷ་ཚུ་ཡང་ ཐུགས་འཁྲུག་སྟེ་ གཡུས་ཁར་ མི་དང་སེམས་ཅན་ དེ་ལས་ ལོ་ཐོག་ཚུ་ལུ་ རྐྱེན་ངན་བྱུངམ་ཨིན་ཟེར་ཨིན་པས།
འདི་བཟུམ་མའི་ ལམ་ལུགས་དེ་ དང་ཕུ་ ཕམ་ཚུ་གི་ངོ་བསྒང་ལས་ར་ བརྩི་སྲོལ་ཡོད་ནི་དེ་གིས་ ད་རེས་འབད་རུང་ གཡུས་མི་ཚུ་གིས་ དམ་དམ་སྦེ་ར་ བརྩི་དོ་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་སྦེ་ ལགཔ་བསྲུང་ནི་དེ་ཡང་ ཤི་བའི་དུས་ཚོད་ལས་ ཉིམ་མ་ལོག་ཚུན་དང་ རོ་བསྡུ་རྐྱབ་མི་ཚུ་འབད་བ་ཅིན་ ཉིན་གྲངས་༤༥ ཚུན་ ལགཔ་བསྲུང་དགོཔ་ཨིན་པས།
ཨ་ཐང་རྒཔོ་ མཁའ་འགྲོ་རྡོ་རྗེ་གིས་ བཤད་མིའི་ནང་ ཡུག་སྲུང་གི་ལམ་ལུགས་དེ་ ཧ་ལམ་ རྒེད་འོག་གི་ གཡུས་སྒོ་ཆ་མཉམ་ནང་མ་ཚད་ སྤྱིར་བཏང་ དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་ ཤར་དར་བརྒྱད་ཀྱི་ གཡུས་ཚན་ཆ་མཉམ་ནང་ སྲུང་སྲོལ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ། 

No comments:

Post a Comment