གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔལ་ལི་ལ་ལུ་ ཐོགས་ལུས་མི་སྣུམ་འཁོར་ཚུ་ ཁ་ཙ་ཕྱི་རུ་ལས་བཏང་ཡོདཔ།

ས་རུད་ཆད་སར་ ཐོགས་ལུས་མི་སྣུམ་འཁོར་ཚུ།
 ༢༨/༠༨/༢༠༡༢། ༉ སྤྱི་ཟླ་༨ པའི་ཚེས་༢༦ གི་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ལས་ དབང་འདུས་ཕོ་བྲང་ དཔལ་ལི་ལའི་རྒྱབ་ལུ་ ས་རུད་ཆད་དེ་ གཞུང་ལམ་བསུབས་མིའི་ གཡས་དང་གཡོན་ལུ་ སྣུམ་འཁོར་༡༠༠ ལྷགཔ་ཅིག་ དུས་ཡུན་ཆུ་ཚོད་༢༢ དེ་ཅིག་གི་རིང་ ཐོགས་ལུས་མི་དེ་ ཁ་ཙ་ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ལས་ བཏང་ཡོདཔ་ཨིན་པས།
ས་རུད་ཆད་སའི་ ས་གནས་ དེ་ དཔལ་ལི་ལ་ལས་ ཀྲོང་གསར་ཁ་ཐུག་ལུ་ ཀི་ལོ་མི་༢ དེ་ཅིག་གི་ས་ཁར་ཨིནམ་ད་ དེ་བསྒང་ འགྲུལ་སྐྱོད་འབད་མི་ཚུ་ ཞག་ཉལ་ས་དང་ བཞེས་སྒོ་བཟའ་ས་མེད་པར་ ལམ་སེལ་མ་ཚར་ཚུན་ ས་གནས་དེ་ནང་ར་ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།
ལམ་འགྲུལཔ་མང་ཤོས་ཅིག་གིས་ སླབ་མིའི་ནང་ ས་རུད་ཆད་སའི་ ས་གནས་ཀྱི་ ཉེ་འདབས་ལུ་ བཟང་ཁང་ཕུད་རྡོག་གཅིག་ཡང་ མེད་པ་ལུ་བརྟེན་ ལྟོཝ་བཀྱེས་རུང་ བྱ་ཐབས་མེད་པར་དཀའ་སྤྱད་དེ་  སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།
ཀྲོང་གསར་ལས་འོང་མི་ ལ་ལུ་ཅིག་གིས་ ས་གནས་དེ་ཁར་ལས་ རྐང་སྟོང་འབད་ ཀི་ལོ་མི་ཊར་༩ དེ་ཅིག་ལུ་ ལྕགས་ཟམ་བཟའ་ཁང་ནང་ སོང་ཡོདཔ་ཨིན་རུང་ དབང་འདུས་ལས་ ཀྲོང་གསར་ཁ་ཐུག་ལུ་འགྱོ་མི་ཚུ་ ག་ཏེ་ཡང་ འགྱོ་ཐབས་མེད་པར་ ཞག་༡ ས་གནས་དེ་ནང་ར་ ལུས་ཡོདཔ་བཞིན་དུ་ ས་གནས་དེ་ ས་ཁ་མཐོ་སར་འབད་ནི་དེ་གིས་ ནུབ་གཅིག་ར་ ཞག་ཉལ་མ་ཚུགས་པའི་ དཀའ་སྡུག་བྱུང་ཡི་ཟེར་ཨིན་པས།
ས་རུད་ཆད་པའི་སྐབས་ རྡོ་དང་ ཤིང་ རག་རོ་ཚུ་གིས་ གཞུང་ལམ་ཁར་ སྤུངས་ཡོདཔ་ལས་ ལམ་སེལ་མི་ འཕྲུལ་གླང་ཌོ་ཟར་གྱིས་ ཁ་ཉིནམ་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ལས་ ལམ་བསལ་ནི་ འགོ་བཙུགས་ཡོད་རུང་ ཁ་ཙ་ཕྱི་རུ་ལས་བརྒལ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མ་ཚུགས།
ད་ལྟོ་ ཧ་ལམ་ཅིག་ལས་བརྒལ་ བསལ་མ་ཚུགས་རུང་ སྣུམ་འཁོར་བརྒྱུད་འབྲེལ་འབད་ནི་ འགོ་བཙུགས་ཡོདཔ་ད་ ལམ་སེལ་གྱི་ལཱ་འགོ་འདྲེན་འཐབ་མི་ ཁར་ཀ་གིས་ སླབ་མིའི་ནང་ ཆརཔ་མ་རྐྱབ་པ་ཅིན་ ལམ་བསལ་ནིའི་ལཱ་དེ་ ཉིནམ་༢ ཀྱི་ ནང་འཁོད་ལུ་མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ཆརཔ་རྐྱབ་པ་ཅིན་ ད་རུང་ ཆད་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
ས་གནས་ནང་ ཐོགས་ལུས་མི་ སྣུམ་འཁོར་ཚུ་ མང་ཤོས་ར་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ དོས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ཨིནམ་ད་ དེའི་གྲས་ཁར་ ཕུན་ཚོགས་གླིང་ལས་ བུམ་ཐང་ལུ་འགྱོ་མི་ འགྲུལ་སྐྱེལ་བཱསི་ཅིག་ཡང་ ཡོདཔ་ཨིན་པས།
ལམ་འགྲུལ་པ་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ ས་རུད་ཆད་པའི་སྐབས་ དེ་འཕྲོ་ལས་ ལམ་བསལ་མི་ཚུ་ ལྷོད་པ་ཅིན་ ལམ་འགྲུལ་འབད་མི་ཚུ་ལུ་ དཀའ་ངལ་མི་བྱུང་ནི་མས་ཟེར་ཨིནམ་ད་ གནམ་བྱཱར་གྱི་དུས་ཚོད་ལུ་ ས་གནས་མང་ཤོས་ཅིག་ནང་ ས་རུད་ཆད་དེ་ འཁོར་ལམ་ཚུ་བསུབས་པའི་ དཀའ་ངལ་དེ་ ལམ་སེལ་མི་ དབང་འཛིན་ཚུ་གིས་ ཧ་གོ་མི་ལུ་བརྟེན་ ཧེ་མ་ལས་ གྲ་སྒྲིག་འབད་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།
གཞུང་ལམ་དེ་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༢ དང་༣ དེ་ཅིག་གི་བར་ན་ ཆརཔ་ཤུགས་འབད་རྐྱབ་མི་ལུ་བརྟེན་ ཆད་ཡོདཔ་ད་ ལམ་སེལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆརཔ་དུམ་གྲ་རེ་རྐྱབ་ད་ ས་གནས་དེ་ཁར་ ས་རུད་ཆད་ནི་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment