གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཌའི་གཱོན་རུཊ་དང་ དཔལ་ལྡན་ཚོང་ལས་སྡེ་ཚན་༢ ཀྱིས་ མཐའ་བཅད་ཆུང་བའི་ནང་ ལྷོད་ཡོདཔ།

༢༡/༨/༢༠༡༢  ༉ ཁ་ཙ་ ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ མདའ་རྩེད་སྡེ་ཚན་ཚུ་གི་བར་ན་ ཀོ་ཊར་ཕ་ནཱལ་རྩེད་འགྲན་འབད་མི་ལས་ ཌའི་གཱོན་རུཊ་དང་ དཔལ་ལྡན་ཚོང་ལས་སྡེ་ཚན་༢ ཀྱིས་ མཐའ་བཅད་ཆུང་བའི་ནང་ ལྷོད་ཡོདཔ་ཨིན་པས།
སི་ཀིམ་གྱི་མདའ་རྩེདཔ་ཅིག་གིས་ ཚ་གཏད་པའི་བསྒང་།


དེ་ཡང་  ལྕང་གླིང་མི་ཐང་གི་ འབའ་སྐྱོར་ལྟག་གི་ནང་ ཌའི་གཱོན་རུཊ་དང་ དཀར་སྦིས་ལུང་ཆུ་ དེ་ལས་ གཡུས་རྒྱལ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ ཌའི་གཱོན་རུཊ་སྡེ་ཚན་གྱིས་ སྐོར་ཐེངས་༡༥ པའི་ནང་ སྐུགས་༢ འབྱེལཝ་བྱེལ་ས་ཆོད་ཡོདཔ་ད་ སྡེ་ཚན་གཞན་མི་༢ ཀྱིས་ སྐུགས་གཅིག་ཡང་ ཆོད་མ་ཚུགསཔ་ལས་ ཕམ་སོང་ཡོདཔ་ཨིན་པས།
འོག་གི་འབའ་སྐྱོར་ནང་ དཔལ་ལྡན་ཚོང་ལས་སྡེ་ཚན་དང་ ཌོག་ཊར་སྟོབས་རྒྱས་སློབ་གྲྭ་ དེ་ལས་ ན་གཞོན་ཤེས་རིག་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ དཔལ་ལྡན་ཚོང་ལས་སྡེ་ཚན་གྱིས་ སྐོར་ཐེངས་༡༥ འི་ནང་ སྐུགས་༣ ཆོད་ཡོདཔ་ད་ ཌོག་ཊར་སྟོབས་རྒྱས་སློབ་གྲྭ་སྡེ་ཚན་གྱིས་ སྐུགས་གཅིག་ དེ་ལས་ ན་གཞོན་ཤེས་རིག་གིས་ སྐུགས་༡ ཡང་ ཆོད་མ་ཚུགསཔ་ལས་ དཔལ་ལྡན་ཚོང་ལས་སྡེ་ཚན་གྱིས་ མཐའ་བཅད་ཆུང་བའི་ནང་ ལྷོད་ཡོདཔ་ཨིན་པས།
ད་རིས་ཀྱི་ རྩེད་འགྲན་དེ་ འོག་གི་འབའ་སྐྱོར་ནང་ བཛྲ་དང་ བཀའ་སྲུང་ དེ་ལས་ ཨའིསི་བཱག་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་དང་ ལྟག་གི་འབའ་སྐྱོར་ནང་ འབྲུག་ལྷ་ཡུལ་བཟོ་སྐྲུན་དང་ བུ་ལུ་པ་པི་བལྟ་བཤལ་དང་ལ་བཤལ་ དེ་ལས་ ལྷུན་གྲུབ་རྩེ་ཆ་རོགས་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment