གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་ཁུངས་ཁག་གི་ ཕུཌ་བཱོལ་རྩེད་འགྲན་འབད་བའི་བསྒང་ཡོདཔ།

༢༤/༨/༢༠༡༢   ༉ ཁ་ཙ་ མུ་ཏིག་ཐང་སློབ་གྲྭ་ཆེ་བའི་ ཕུཌ་བཱོལ་རྩེད་ཐང་ནང་སྦེ་ ལས་ཁུངས་ཁག་གི་ ཕུཊ་བཱོལ་རྩེད་འགྲན་ནང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གཱོལ་༢ རེ་བཙུགས་ཏེ་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ སྐུགས་རེ་རེ་འདྲན་འདྲ་ཐོབ་ཡོདཔ་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།


རྩེད་འགྲན་འགོ་བཙུགས་ཏེ་བར་མཚམས་ངལ་གསོ་ཚུན་ སྡེ་ཚན་གཉིས་ཆ་ར་གིས་ གཱོལ་ཅིག་ཡང་བཙུགས་མ་ཚུགསཔ་ད་ བར་མཚམས་ལས་ ལོག་འགོ་བཙུགསཔ་ད་ བརྡ་དོན་དང་བརྒྱུད་འབྲེལ་དབང་འཛིན་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཡོདཔ་བཞིན་དུ་ གཞན་མི་སྡེ་ཚན་གྱིས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ རང་སོའི་རིག་རྩལ་དང་ ལྕོགས་གྲུབ་མ་འདྲཝ་ཚུ་བཏོན་ཏེ་ རྩེད་འགྲན་འབད་དེ་ རྩེད་འགྲན་གྱི་དུས་ཚོད་མ་ཚངམ་ཅིག་ཁར་ གཱོལ་༢ བཙུགས་ཚུགསཔ་ལས་ འདྲན་འདྲ་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ ཐིམ་ཕུ་ཁྲོམ་སྡེའི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བར་མཚམས་མ་རན་པའི་ཧེ་མར་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ གཱོལ་༢ བཙུགས་ཡོདཔ་ཡོདཔ་ཨིན་པས།
ཨིན་རུང་ ཐིམ་ཕུ་ཁྲོམ་སྡེའི་སྡེ་ཚན་གྱིས་ དོ་འགྲན་སྦོམ་ར་འབད་དེ་རྩེད་འགྲན་འབད་མི་ལུ་བརྟེན་ བར་མཚམས་ངལ་གསོ་ལས་ ལོག་རྩེད་འགྲན་འབདཝ་ད་ སྡེ་ཚན་དེ་གིས་ཡང་ གཱོལ་༢ བཙུགས་ཏེ་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ལུས་ཡོདཔ་ཨིན་པས།
ན་གཞོན་རྩེད་རིགས་ལས་ཁུངས་ལས་ འགོ་འདྲེན་པ་ དམ་ཆོས་འོད་གསལ་གྱིས་ སླབ་མི་དང་འཁྲིལཝ་ད་ ལས་ཁུངས་ཁག་གི་བར་ནའི་ རྩེད་འགྲན་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་མི་དེ་ ལོག་གསར་བཞེངས་ཀྱི་དོན་ལུ་ མ་དངུལ་བསྡུ་ལེན་འབད་ཐོག་ལས་ རྒྱབ་སྐྱོར་ཕུལ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་རེས་ཀྱི་རྩེད་འགྲན་ནང་ བཅའ་མར་གཏོགས་མི་ སྡེ་ཚན་༣༢ ཡོདཔ་ད་ སྡེ་ཚན་རེ་ལས་ འཛུལ་ཞུགས་འཐུས་དངུལ་ཀྲམ་༨༥༠༠ རེ་བསྡུ་ལེན་འབདཝ་ད་ ཡོངས་བསྡོམས་དངུལ་ཀྲམ་༢༧༢,༠༠༠ བསྡུ་ལེན་འབད་དེ་ཡོདཔ་མ་ཚད་ ལས་ཁུངས་ལས་ གསོལ་རས་དང་ ལས་རིམ་ཁག་གི་དོན་ལུ་ དངུལ་ཀྲམ་༥༠,༠༠༠ བཞག་ཡོདཔ་བཞིན་དུ་ ད་རུང་རྒྱབ་སྐྱོར་འཚོལ་དོ་ཟེར་ཨིནམ་པས།
རྩེད་འགྲན་གྱི་སྐབས་ལུ་ཟད་འགྲོ་སོང་མིའི་ མ་དངུལ་ལྷག་ལུས་ཚུ་ རྫོང་གསར་བཞེངས་ཀྱི་དོན་ལུ་ རྒྱབ་སྐྱོར་འབད་ཕུལ་ནི་ཟེར་ཨིན་པས།
ལས་ཁུངས་ཁག་གི་ ཕུཌ་བཱོལ་རྩེད་འགྲན་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལས་ འགོ་བཙུགས་ཡོདཔ་ད་ མཐའ་བཅད་རྩེད་འགྲན་དེ་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment