གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ བུ་ལོན་ཚུ་བཏབ་ཚར་ཡོདཔ།

༢༧/༨/༢༠༡༢   ༉ ལོ་ངོ་༡ དེ་ཅིག་གི་རིང་ བུ་ལོན་གྱི་བྱ་སྟབས་མ་བདེ་བའི་གནས་སྟངས་ནང་ ལུས་པའི་ཤུལ་ལུ་ འབྲུག་གི་དམངས་གཙོའི་རིང་ལུགས་ནང་ སྲིད་ཚོགས་ཐོ་བཀོད་འབད་མི་ དང་པ་ཨིན་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ བུ་ལོན་ཚུ་བཏབ་ཚར་ཡོདཔ་ཨིན་པས།


ཚོགས་པའི་ ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་སླབ་མིའི་ནང་ ཁོང་གི་ཚོགས་པའི་ བུ་ལོན་གྱི་མཇུག་ར་ འདས་པའི་བདུན་ཕྲག་ནང་ བཏབ་ཅི་ཟེར་བཤདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་ལུ་  དངུལ་ཁང་ཚུ་དང་ བརྡ་བརྒྱུད་ཁག་ཚུ་ནང་ བུ་ལོན་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ལུས་ཡོདཔ་ད་ བུ་ལོན་དེ་ཚུ་ག་ར་ སྤྱི་ལོ་༢༠༠༨ ཀྱི་ རྒྱལ་ཡོངས་བཙག་འཐུའི་སྐབས་ བཟོ་ཡོད་མི་ཚུ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སླབ་མིའི་ནང་ མ་དངུལ་ཚུ་གི་འབྱུང་ཁུངས་ཡང་ ཚུལ་ལྡན་ཐོག་ འཐུས་མི་ཐོ་བཀོད་ཀྱི་འཐུས་དང་ ལོ་བསྟར་འཐུས་མིའི་འཐུས་ དེ་ལས་ ཚོགས་པའི་འཐུས་མི་ཚུ་ལས་ ཁས་བླངས་ཐོག་ ཞལ་འདེབས་ཐོབ་མི་ཚུ་ལས་སྦེ་ བུ་ལོན་ཚུ་བཏབ་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཚོགས་པའི་འཐུས་མི་མང་ཤོས་ཅིག་གིས་ ཁས་བླངས་ཀྱི་ཞལ་འདེབས་ཚུ་འབད་ཡོདཔ་ད་ དེ་ཡང་གཙོ་བོ་ར་ ཚོགས་པའི་བུ་ལོན་བསང་ཐབས་ལུ་ གཙོ་བོར་བཏོན་ཏེ་ ཞལ་འདེབས་འབད་མི་ཐོན་ཡི་ཟེར་ཨིནམ་ད་ དེ་དང་འབྲེལ་ ཚོགས་པའི་དངུལ་འབྲེལ་ རྩིས་ཁྲའི་བུ་ལོན་ཚུ་ག་ར་བསང་ཡོད་པའི་ ཁ་གསལ་ཚུ་བཀོད་ཐོག་ལས་ སྙན་ཞུ་ཅིག་ བཙག་འཐུ་ལྷན་ཚོགས་ལུ་ ཕུལ་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༩ གི་ ཟླཝ་༡ པའི་ནང་ ཐོ་བཀོད་འབད་ཡོད་པའི་སྲིད་ཚོགས་༢ ཀྱིས་ རང་སོའི་ དངུལ་འབྲེལ་རྩིས་ཁྲ་དང་འབྲེལ་བའི་ སྙན་ཞུ་ཚུ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ འི་ནང་འཁོད་ལུ་ ལྷན་ཚོགས་ནང་ཕུལ་དགོ་ཟེར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་པའི་བུ་ལོན་ཚུ་ ཚོགས་པའི་རྒྱབ་སྐྱོར་བ་ཚུ་ལས་ གྲོགས་རམ་དང་ ཞལ་འདེབས་ལེན་ཐོག་ལས་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ བཏབ་ཚར་ཡོདཔ་ཨིན་རུང་ དུས་ཚོད་དེ་ཁར་ མི་སེར་དམངས་གཙོ་ཚོགས་པའི་བུ་ལོན་དེ་ བཏབ་མ་ཚུགས་པར་ལུས་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ད་ལྟོ་སྲིད་ཚོགས་༢ ཀྱིས་ སྤྱི་ཟླ་༧ པའ་ིཚེས་༡༦ ལུ་ ཕུལ་ཡོད་མི་སྙན་ཞུ་དེ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ད་ སྲིད་ཚོགས་༢ པོ་གིས་ ཤུལ་མའི་བཙག་འཐུ་ནང་འབྲེལ་གཏོགས་ འབད་ཆོག་མི་ཆོག་དེ་ འཕྲལ་ར་གསལ་སྟོན་འབད་ནི་ཨིན་པས།
ཨིན་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སླབ་མིའི་ནང་ བཙག་འཐུའི་ཁྲིམས་གཞུང་ཚུ་ནང་ ཚོགས་པ་ཚུ་གིས་ བཙག་འཐུའི་ནང་ འབྲེལ་གཏོགས་འབད་ནི་གི་དོན་ལུ་ བུ་ལོན་ཚུ་ ཧིང་བསང་ས་བཟོ་དགོ་ཟེར་བའི་ དོན་ཚན་བཀོད་དེ་མེད་ཟེར་ཨིནམ་ད་ ཁོང་གི་སྲིད་ཚོགས་ཀྱིས་ བཙག་འཐུ་ལྷན་ཚོགས་ཀྱི་ བསླབ་སྟོན་ལུ་གཞི་བཞག་ཐོག་ ལྷན་ཚོགས་ཀྱི་གྲོས་ཆོད་ ག་ཅི་བཟུམ་གནང་རུང་ དེ་ལུ་ ལྷག་བསམ་རྣམ་དག་ཐོག་ལས་ ངོས་ལེན་འབད་འོང་ཟེར་ བཤད་ཅི།
བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པ་༢ ཀྱིས་ ཤུལ་མའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ཆོག་པའི་ འོས་འབབ་སྙན་ཞུ་གསལ་སྟོན་འབད་ནིའི་ནང་ ད་རུང་ བདུན་ཕྲག་༡ དེ་ཅིག་ འགོར་ནི་ཨིནམ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ ད་རེས་ ཚོགས་པའི་བུ་ལོན་ཚུ་ཡང་ བཏབ་ཚར་ཡོདཔ་མ་ཚད་ ཚོགས་པ་ལུ་ མི་མང་གི་རྒྱབ་སྐྱོར་ལེགས་ཤོམ་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ལས་ ཚོགས་པ་དེ་ ཤུལ་མའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ཆོག་པའི་ རེ་བ་ཡོད་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་སླབ་མིའི་ནང་ ད་རེས་ གནས་སྟངས་དེ་གིས་ ཉམས་མྱོང་ག་ཅི་ཐོབ་ཅི་ག་ཟེར་བ་ཅིན་ སྲིད་ཚོགས་ཚུ་གི་ བཙག་འཐུའི་བྱ་རིམ་ནང་ མ་དངུལ་ལྷན་ཐབས་ བཙག་འཐུ་ལྷན་ཚོགས་ནང་ལས་ཡོད་ཞིནམ་ལས་ ལོགས་སུ་སྦེ་ སྐྱིན་འགྲུལ་ལེན་ཐོག་ལས་ ཟད་འགྲོ་བཏང་དགོཔ་ མིན་འདུག་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་དེ་ དབང་ཚད་ཕྱིར་སྤེལ་གྱི་ སྲིད་བྱུས་ལུ་གནས་མི་ཅིག་ཨིནམ་ད་ འདས་པའི་ཟླཝ་ཚུན་གྱི་རིང་ལུ་ ཚོགས་པའི་ནང་ ཐོ་བཀོད་ཅན་གྱི་ འཐུས་མི་༢༥༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment