གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྨ་སྐྱོན་བྱུང་སྟེ་ ཤི་རྐྱེན།

༢༡/༨/༢༠༡༢   ༉ སྐྱེས་ལོ་༡༨ འབད་མི་ཕོ་སྐྱེས་ཅིག་ སྤྱི་ཟླ་༨ པའི་ཚེས་༡༢ ལུ་ རྡོ་གིས་ མགུ་ཏོ་གུ་ཕོག་སྟེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནདཔ་ཚབས་ཆེན་ལས་ཕྲན་ནང་བཞག་པའི་ཤུལ་ལུ་ སྤྱི་ཟླ་༨ པའི་ཚེས་༡༨ ཀྱི་དྲོ་པའི་ཆུ་ཚོད་༣.༤༠ ལུ་ཤི་སོཔ་ཨིན་པས།


གསར་སྤང་ལས་ཨིན་མི་ རོ་བཱིན་དེ་ མགུ་ཏོ་གུ་ལུ་རྨ་སྐྱོན་ལེ་ཤ་བྱུང་བའི་ཁར་ ཐོད་པའི་རུ་ཏོ་བཀག་ཡོདཔ་མ་ཚད་ རྣམ་ཅོག་ནང་ལས་ཁྲག་ཚུ་ཐོན་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་མགུ་ཏོ་གུ་ལུ་རྨ་སྐྱོན་སྦོམ་ར་བྱུང་བའི་ཁར་ ཁྲག་ལེ་ཤ་ཐོན་ནི་དེ་གིས་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ སྤྱི་ཟླ་༨ པའི་ཚེས་༡༢ ཀྱི་དྲོ་པ་ སྣུམ་འཁོར་བཱསི་གཞན་མི་ཅིག་གི་དེད་གཡོག་ལས་རོགས་པ་དང་ སྣུམ་འཁོར་ལྟ་རྟོག་འགོ་འཛིན་པ་གིས་ མགུ་ཏོ་གུ་ལུ་ རྡོ་གིས་བླུགས་མི་ལུ་བརྟེན་བྱུང་ཡོདཔ་ད་ སྐྱེས་ལོ་༡༧ ལང་མི་སྣུམ་འཁོར་ལྟ་རྟོག་འགོ་འཛིན་པ་དང་ སྐྱེས་ལོ་༡༥ ལང་མི་དེད་གཡོག་ལས་རོགས་པ་གཉིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཧེ་མ་དེ་ བྱུང་རྐྱེན་དེ་ འཕྲོག་བཅོམ་ཨིན་པའི་ངོས་འཛིན་འབད་མི་དེ་ཡང་ ཁོང་གཉིས་ཀྱིས་ ཉམས་རྒུད་པ་ལུ་གནོད་སྐྱོན་རྐྱབ་ཞིནམ་ལས་ ཁོ་ལུ་ཡོད་པའི་དངུལ་ཁུག་དང་ དངུལ་ཀྲམ་༥༠༠ ཡང་འཕྱོག་ནུག་ཟེར་ཨིན་པས།
བྱ་ངན་འབད་མི་གཉིསཔ་དེ་ མི་དམར་བསད་འབད་བའི་ཐོག་ལུ་དང་ ཡང་ཅིན་ ཁས་བླངས་ཐོག་ལས་མི་བསད་པའི་ཉེས་འཛུགས་ཚུ་བཀལ་དགོ་ནི་ཨིན་རུང་ འཕྲལ་མགྱོགས་ར་གྲོས་ཐག་བཅད་ནི་ཨིན་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
འགོ་ཐོག་ཞིབ་དཔྱད་འབད་མིའི་ནང་ སྣུམ་འཁོར་ལྟ་རྟོག་འགོ་འཛིན་པ་གཉིས་ལུ་ ཧེ་མ་ལས་མ་འགྲིགསཔ་ཡོད་པའི་གསལ་སྟོན་བྱུང་བའི་ཁར་ ཁྲིམས་སྲུང་འགག་པའི་སྙན་ཞུ་དང་འཁྲིལཝ་ད་ དོགས་ཅན་དེ་གིས་ ཉམས་རྒུད་པ་དང་གཅིག་ཁར་ ནུབ་མོའི་སྤྲོ་སྟོན་ཁང་ནང་ཕྱད་པའི་ཤུལ་ལུ་ ཁོ་གི་རྟིང་བདའ་སོང་ནུག་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment