གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ ཇ་པཱན་གཞུང་ཚབ་ཀྱིས་ བློན་ཆེན་མཆོག་དང་ ཁ་བྲལ་མཇལ་ཕྲད།

༢༢/༨/༢༠༡༢   ༉ ཁ་ཙ་ཉིན་མ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ གནས་ཡུན་ཚང་འགྱོ་མི་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཨ་ཀི་ཏ་ཀ་ སའི་ཀི་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལས་ ཁ་བྲལ་མཇལ་ཕྲད་ཞུ་ཡི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་མཆོག་དང་ གནས་ཡུན་ཚང་མི་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་
ཨ་ཀི་ཏ་ཀ་ སའི་ཀི།


གཞུང་ཚབ་ ཨ་ཀི་ཏ་ཀ་ སའི་ཀི་གིས་ བློན་ཆེན་མཆོག་དང་ འབྲུག་གཞུང་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ཁོ་ར་ འབྲུག་གི་གཞུང་ཚབ་སྦེ་ སྡོད་པའི་རིང་ལུ་ མི་དབང་ཡབ་སྲས་རྣམ་གཉིས་ཀྱིས་ རྒྱབ་སྐྱོར་གང་དྲག་མཛད་གནང་མི་དེ་ལུ་ ངལ་རངས་དང་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
གཞུང་ཚབ་ཀྱིས་ བློན་ཆེན་ལུ་ ཞུ་མིའི་ནང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཇ་པཱན་ལུ་ གཟིགས་སྐོར་གནང་པའི་ཤུལ་ལས་ བློན་ཆེན་ བྱོན་གནང་མི་དེ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ ལྷག་པར་དུ་ མཐུན་ལམ་རྩ་བརྟན་བཟོ་ཚུགས་ཅི་ཟེར་ཨིན་པས།
མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་ གཟིགས་སྐོར་ལུ་བརྟེན་ འབྲུག་ལུ་ལྟ་སྐོར་འབད་མི་ ཇ་པཱན་གྱི་ ལྟ་བཤལ་པའི་གྱངས་ཁ་དེ་ འབོར་ཆེ་དྲགས་སྦེ་ར་ ཡར་སེང་སོང་ཡི་ཟེར་ཨིན་པས།
གཞུང་ཚབ་ ཨ་ཀི་ཏ་ཀ་ སའི་ཀི་གིས་འབད་བ་ཅིན་ རྒྱལ་ཁབ་༢ ཀྱི་བར་ན་ མཉམ་འབྲེལ་དམ་ཟབ་གནས་བཞིན་དུ་ཡོད་མི་དེ་ ད་ལས་ཕར་འབད་རུང་ འགྱུར་བ་མེད་པར་ ཡར་དྲག་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གཞུང་ཚབ་སའི་ཀི་གིས་ ཁྱད་རིག་ཐོག་ལས་ བསམ་པ་རྫོགས་ཚུགས་པའི་ དོན་གཅོན་ལས་དོན་ཚུ་ མཐིལ་ཕྱིན་འབད་བའི་ཁར་ འབྲུག་གི་དགོས་མཁོ་ཚུ་ལུ་ ངོས་ལེན་གང་དྲག་འབད་མི་དེ་ལུ་ བློན་ཆེན་གྱིས་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ གསུངས་གནངམ་མ་ཚད་ འབྲུག་གི་ ལོ་༥ འི་འཆར་གཞི་༡༠ པའི་ ལས་རིམ་ཚུ་ མཐར་འཁྱོལ་བྱུང་བའི་སྐོར་ལས་ གཞུང་ཚབ་ལུ་ གནས་ཚུལ་དང་འདྲཝ་སྦེ་བཤད་ཅི།
བློན་ཆེན་གྱིས་ འབྲུག་གི་ ལོ་༥ འི་འཆར་གཞི་༡༠ པའི་ནང་ཡང་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་དམ་ཟབ་ཐོག་ལས་ ལཱ་འབད་ནི་གི་ རེ་བ་ཡོད་པའི་ཁར་ ཇ་པཱན་གྱིས་ ལམ་སྟོན་འབད་བ་ཅིན་ འབྲུག་འདི་ ཧེང་སྐལ་ར་ དགའ་སྤྲོ་འབྱུང་ནི་མས་ཟེར་ཨིན་པས།
ཨ་ཀི་ཏ་ཀ་ སའི་ཀི་དེ་ སྤྱི་ལོ་༢༠༡༡ གི་ཟླཝ་༢ པིའི་ནང་ རྒྱ་གར་དང་ འབྲུག་གི་དོན་ལུ་ གཞུང་ཚབ་སྦེ་ བསྐོས་ཡོདཔ་ད་ དེ་གི་ཧེ་མར་ སྤྱི་ལོ་༢༠༠༨ ཀྱི་ཟླཝ་དང་པ་ལས་ ཕྱི་འབྲེལ་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་དང་ སྤྱི་ལོ་༢༠༠༦ གི་ཟླཝ་དང་པ་ལས་ ཡུ་ཨེསི་ཨེ་ལུ་ ཇ་པཱན་གཞུང་ཚབ་ལས་ཁང་ནང་ གཙོ་འཛིན་འོག་མའི་ འགན་ཁུར་འབག་ཡོདཔ་ཨིན་པས།
སྤྱི་ལོ་༡༩༥༢ ལུ་སྐྱེས་མི་ གཞུང་ཚབ་ ཨ་ཀི་ཏ་ཀ་ སའི་ཀི་གིས་ ཊོ་ཀི་ཡོ་གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༡༩༧༦ ལུ་ ཕྱི་འབྲེལ་ལྷན་ཁག་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ འགོ་དང་པ་ བྱང་ཨེ་མི་རི་ཀའི་སྡེ་ཚན་ནང་ འགན་ཁུར་ལེ་ཤ་ འབག་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༡༩༨༣ ལས་ ཤར་ལྷོ་ཨེ་ཤི་ཡ་དང་ ནུབ་ཕྱོགས་ཡུ་རོབ་ དེ་ལས་ རྒྱལ་སྤྱིའི་དཔལ་འབྱོར་ལས་དོན་ཚུ་ནང་ ཆེ་རིམ་འགོ་གནས་ཚུ་ འཆང་ཡོདཔ་ད་ སྤྱི་ལོ་༡༩༩༧ གྱི་ཟླཝ་༢ པའི་ནང་ འགོ་དང་པ་ རྒྱལ་སྤྱིའི་དཔལ་འབྱོར་ལས་དོན་ནང་ མདོ་ཆེན་འབད་ཡོདཔ་ཨིན་པས།
སའི་ཀི་དེ་ སྤྱི་ལོ་༡༩༩༨ ཀྱི་ཟླཝ་༧ པའི་ནང་ སྲིད་བློན་ཀི་ཡི་ཛོ་ ཨོ་བུ་ཅི་གི་ གནས་ཚུལ་དྲུང་ཆེན་འོག་མ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment