གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་བསྒྲགས་ཚུ་ སྔར་ག་ཨིནམ་སྦེ་ར་ བགོ་བཀྲམ་ཐོག་བྱིན་ནི།

༣༠/༨/༢༠༡༢    ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ མི་མང་ལུ་ བརྡ་སྤྲོད་འབད་ནིའི་དོན་ལུ་ ཚོང་བསྒྲགས་དང་ ཁྱབ་བསྒྲགས་ བཙག་འཐུ་དང་འབྲེལ་བའི་ བརྡ་དོན་ཚུ་ གདམ་ཁ་ཅན་གྱི་ བརྡ་བརྒྱུད་གསུམ་བརྒྱུད་དེ་ གསལ་བསྒྲགས་འབད་ནི་གི་ གྲོས་ཐག་བཅད་མི་དེ་ ཆ་མེད་བཏང་ནུག།


བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ ད་ལས་ཕར་ བརྡ་བརྒྱུད་ལས་ཁང་གསུམ་བརྒྱུད་དེ་མིན་པར་ ཧེ་མ་བཟུམ་སྦེ་ར་ བརྡ་བརྒྱུད་ཆ་མཉམ་ལུ་ བགོ་བཀྲམ་འབད་དེ་ བྱིན་འོང་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༨ ལུ་བཏོན་མི་ གསལ་བསྒྲགས་དང་འཁྲིལཝ་ད་ བདུན་ཕྲག་ཧེ་མའི་ནང་ གཞུང་གིས་ གནས་ཚུལ་གསར་བཏོན་ཐོག་ དོགས་སེལ་གནང་མི་ལུ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ ཧེ་མར་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་དང་ སྐུ་གཟུགས་རྒྱང་བསྒྲགས་ དེ་ལས་ ཀུན་གསལ་གསར་ཤོག་གསུམ་གདམ་ཁ་རྐྱབ་མི་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱང་ གནས་ཚུལ་གསར་བཏོན་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་འདི་ རང་དབང་ལས་སྡེ་ཅིག་ཨིནམ་མ་ཚད་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཅིག་ཡང་ཨིནམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བརྡ་བརྒྱུད་༣ གདམ་ཁའི་གྲོས་ཐག་བཅད་མི་ལུ་ གཞུང་གིས་ བཀག་ཆ་འབད་ནིའི་ དབང་ཆ་མེད་རུང་ གཞུང་གི་ཁ་ཐུག་ལས་འབད་བ་ཅིན་ གཞུང་གི་ཁྱབ་བསྒྲགས་ཀྱི་ འོང་འབབ་ཁེ་ཕན་དེ་ བརྡ་བརྒྱུད་ལས་ཁང་༣ རྐྱངམ་གཅིག་ལུ་མིན་པར་ ག་དེ་མང་མང་ལུ་ ཁྱབ་ཚུགསཔ་འབད་དགོཔ་སྦེ་ གཟིགསཔ་མས་ཟེར་ བཀོད་ནུག།
ཨིན་རུང་ གཞུང་གི་གནས་ཚུལ་གསར་བཏོན་ནང་ འཆར་དངུལ་ཡོད་མེད་དང་ ཚོང་བསྒྲགས་ཀྱི་རིགས་ ག་ཅི་བཟུམ་ མི་མང་ལུ་ སྤེལ་དགོཔ་ཨིན་ན་དང་ ཁྱབ་ཚད་ལུ་བལྟ་སྟེ་ བགོ་བཀྲམ་འབད་དགོཔ་ལས་ བརྡ་བརྒྱུད་ལས་ཁང་ཆ་མཉམ་ལུ་ སྟབས་གཅིག་ཁར་ སྤྲོད་དགོཔ་མེད་ཟེར་ བཀོད་ཡོད་པའི་གནས་ཚུལ།

No comments:

Post a Comment