གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟམ་རྐྱབ་སྟེ་ ཟླཝ་༡ གི་རྒྱབ་ལས་ མེདཔ་ཐལ་ཡོདཔ།

༢༡/༨/༢༠༡༢  ༉ བཀྲིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་ ཝང་རིང་མོ་ཟམ་ གསར་བསྒྲུབས་འབད་དེ་ ཟླཝ་༡ དེ་ཅིག་ ལང་པའི་ཤུལ་ལས་ དོག་གསུམ་ཁ་ཐུག་གི་ གཞི་རྟེན་གྱང་རྩིག་དེ་ རམ་ཡོདཔ་ད་ ལམ་སེལ་ལས་ཁུངས་འོག་གི་ ཟམ་བཟོ་སྐྲུན་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ བྱུང་རྐྱེན་དེ་ ཧེ་མ་བཟོ་མི་ ཟམ་གྱི་བཟོ་བཀོད་ཚུ་ སོར་བཏང་མི་དང་ རྩི་ས་དང་བྱེམ་ཚུ་ ལེགས་ཤོམ་སྦེ་ སླ་མ་བསྲེས་མི་ལུ་བརྟེན་ཏེ་ བྱུང་ནུག་ཟེར་ སླབ་ཨིན་པས།
ཟླཝ་༡ གི་རྒྱབ་ལས་ མེདཔ་ཐལ་མི་ ཡ་ལང་རྒེད་འོག་གི་ ཝང་རིང་མོ་ཟམ།


དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་བསྒྲུབས་མི་ གྲང་མེད་ཆུའི་ཟམ་དེ་གིས་ ཡ་ལང་དང་ རམ་འཇར་རྒེད་འོག་༢ རྫོང་ཁག་དང་ གཞན་མི་ ཉེ་འདབས་ཀྱི་རྒེད་འོག་ བྱམས་མཁར་ཚུ་དང་ མཐུད་སྦྲེལ་འབདཝ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཟམ་དེ་གི་ རྨང་གཞི་ཚུ་ གཏིང་ཚད་དང་ལྡནམ་སྦེ་ མ་བཙུགས་པར་ཡོདཔ་ལས་ གལ་སྲིད་ ཐབས་ལམ་ཚུ་མ་བཏོན་པ་ཅིན་ ཟམ་དང་ གཞི་རྟེན་གྱི་མཐུད་མཚམས་ཚུ་ལས་ཡང་ མེདཔ་ཐལ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
བཟོ་བཀོད་དང་འཁྲིལཝ་ད་ རྨང་གཞི་ཚུ་ གཏིང་ཚད་མི་ཊར་༣ རེ་ ས་ནང་བཙུགས་དགོཔ་སྦེ་ གསལ་བཏོན་འབད་ཡོདཔ་ཨིན་རུང་ བཟོ་སྐྲུན་འབད་བའི་སྐབས་ མི་ཊར་༢ རེ་ མར་ཕབ་རྐྱབ་ཡོད་པའི་ཁར་ ཟམ་གྱི་རྒྱ་ཚད་དང་ མཐོ་ཚད་ཚུ་ ཧེ་མ་བཟུམ་སྦེ་ར་ བཞག་ནུག་ཟེར་ཨིན་པས།
ས་ནང་ རྨང་གཞི་བཙུགས་ནི་དེ་ མར་ཕབ་རྐྱབ་མི་ལུ་བརྟེན་ འགྲུལ་འཁོར་ལམ་ལས་ ཟམ་གྱི་མཐོ་ཚད་དེ་ མི་ཊར་༢ ཀྱིས་ མཐོཝ་སྦེ་ཐོན་མི་དེ་གིས་ ཟམ་གྱི་ནུས་ཚད་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཕྲུལ་ཆས་ཤ་མིཊ་ ཧེ་མཱར་ཟེར་མི་དེ་ ལག་ལེན་འཐབ་ཐོག་ལས་ ཟམ་གྱི་གཡས་གཡོན་གྱི་ གཞི་རྟེན་གྱང་རྩིག་གི་ སྤུས་ཚད་ཚུ་ སྔོན་འགྲོའི་དབྱེ་ཞིབ་འབད་བའི་སྐབས་ དེ་ཚུ་ དུམ་གྲ་ཅིག་གིས་ སྤུས་ཚད་དང་མ་ལྡནམ་སྦེ་ མཐོང་ཡོདཔ་ཨིན་པས།
མ་གཞི་ འཕྲུལ་ཆས་དེ་གིས་ རེས་ཅིག་སྐབས་ གྱང་རྩིག་གི་སྤུས་ཚད་ཚུ་ ངེས་ཏིག་སྦེ་ ཤེས་མི་ཚུགས་དོ་ཡོདཔ་ཨིན་རུང་ སྐབས་སྐབས་ དེ་གིས་བཏོན་མི་གྲུབ་འབྲས་ཚུ་ ཏན་ཏན་འོངམ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྩི་ས་དང་བྱེམ་ སླ་བསྲེས་ནིའི་ཚད་གཞི་དེ་ཡང་ རྫོང་ཁག་གིས་ གཞི་རྟེན་གྱང་རྩིག་ ག་རའི་ནང་ མར་ཕབ་རྐྱབ་ཡོདཔ་ད་ དེ་བཟུམ་མའི་ ཚད་གཞི་དེ་ ཁག་ཆེ་དྲགས་མེན་པའི་ བཟོ་བཀོད་ཚུ་གི་དོན་ལུ་ མར་ཕབ་རྐྱབ་སྲོལ་ཡོདཔ་ཨིན་རུང་ དམིགས་བསལ་དུ་ ཟམ་བཟོ་སྐྲུན་ཚུ་གི་དོན་ལུ་ འབད་ནི་མེད་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཡ་ལང་ས་ཁོངས་ཀྱི་ བཟོ་རིག་འགོ་དཔོན་ ཚེ་དབང་འགྱུར་མེད་ཀྱིས་འབད་བ་ཅིན་ རྩི་ས་དང་བྱེམ་ སླ་བསྲེས་ནིའི་ ཚད་གཞི་མར་ཕབ་འབད་འབདཝ་མེད་ཟེར་ཨིནམ་ད་ ད་ལྟོ་ དབྱེ་ཞིབ་འབད་ནིའི་འཕྲུལ་ཆས་ ག་ཅི་ཡང་ མེད་དེ་འབད་རུང་ རྨང་གཞིའི་གཏིང་ཚད་ ཉུང་སོ་ནུག་ཟེར་བའི་ ཚོད་དཔག་གི་ ལོ་རྒྱུས་ཚུ་ སླབ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་གིས་འབད་རུང་ གཞི་རྟེན་གཏིང་ཚད་ མི་ཊར་༣ རེ་འབད་མི་ཚུ་ བཟོ་བཀོད་ཀྱི་ ཚད་གཞི་དང་འཁྲིལ་ཏེ་ར་ བཙུགས་ཏེ་ཡོད་ཟེར་ཨིན་པས།
རྫོང་ཁག་གིས་ སླབ་མིའི་ནང་ ཧེ་མའི་བཟོ་བཀོད་ སོར་དགོཔ་ཐོན་མི་དེ་ཡང་ བཟོ་བཀོད་དེ་ ལག་ལེན་འཐབ་པའི་སྐབས་ ས་ཁོངས་ཀྱི་གནས་སྟངས་དང་ འཁྲིལ་མ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ ཟམ་དེ་ རྐྱབ་པའི་སྐབས་ལས་ར་ ཟམ་བཟོ་སྐྲུན་སྡེ་ཚན་ལུ་ སྙན་ཞུ་འབད་ཡོད་རུང་ ས་ཁོངས་ནང་ འོང་མ་བཏུབ་ཟེར་ཨིན་པས།
དེ་བསྒང་ ཟམ་བཟོ་སྐྲུན་སྡེ་ཚན་གྱིས་ མི་སྟོབས་མེད་པའི་ཁར་ གཞུང་གི་སྣུམ་འཁོར་ཡང་ མིན་འདུག་ཟེར་སླབ་སྟེ་ ས་ཁོངས་ནང་ འོང་མ་བཏུབ་པའི་ཤུལ་ལུ་ ས་ཁོངས་ཀྱི་གནས་སྟངས་དང་འཁྲིལ་ཏེ་ བཟོ་བཀོད་ནང་ དུམ་གྲ་རེ་ བསྐྱར་བཟོ་འབད་ཐོག་ལས་ ཟམ་དེ་རྐྱབ་ཡོདཔ་སྦེ་ ཚེ་དབང་འགྱུར་མེད་ཀྱི་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟམ་དེ་ རམ་སོང་སྟེ་ བདུན་ཕྲག་དག་པ་ཅིག་གི་རྒྱབ་ལས་ དབྱེ་ཞིབ་འབད་བའི་ སྙན་ཞུ་ཨིནམ་ལས་ ཚུལ་མཐུན་ཅིག་ མིན་འདུག་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་གིས་ ཟམ་བཟོ་སྐྲུན་འབད་མི་ ཁག་འབགཔ་དེ་ལུ་ ཁྲིམས་དོན་གྱི་ ངོས་ལེན་མི་འབད་ནི་ཨིན་རུང་ ཟམ་དེ་ ལོག་རྐྱབ་དགོཔ་སྦེ་ སླབ་ནི་ཨིན་མི་དེ་ཡང་ གྱང་རྩིག་ཚུ་ ལོག་རྐྱབ་དགོཔ་འཐོན་ནི་ཨིན་མི་དེ་ར་ ཁོ་ལུ་ ཉེས་བྱ་བཟུམ་ཅིག་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
གྱང་རྩིག་ལོག་རྐྱབ་ནིའི་ལཱ་དེ་ཡང་ ད་རེས་ཀྱི་ ཆར་ཆུའི་དུས་ཚོད་ རྫོགས་པའི་བསྒང་ལས་རྐྱངམ་གཅིག་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།  

No comments:

Post a Comment