གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་ཆས་ཚུ་ རྒྱ་གར་ལུ་ འབག་འགྱོ་མི་ཡར་འཕར།

༢༩/༨/༢༠༡༢     དེ་ཡང་ རྒྱ་གར་གྱི་ ཚོང་པ་ཚུ་གི་ ལག་པར་ཡོད་མི་ འབྲུག་གི་དངུལ་ཀྲམ་ལག་ལེན་འཐབ་ཐབས་ལུ་ཨིནམ་འོང་ནི་མས་ཟེར་ སླབ་ཨིན་མས།


༉ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ ཕུན་ཚོགས་གླིང་ལུ་ འབྲུག་མི་མིན་པའི་ བཀྲམ་སྤེལ་བ་ཅིག་གིས་ དངུལ་ཀྲམ་ས་ཡ་༠.༢༦༧ ལྷགཔ་ཅིག་གི་ བཟའ་ཆས་ཅ་ཆས་ཚུ་ ཁ་བསྒྱུར་ཏེ་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ འབག་ནི་གི་ དཔའ་བཅམ་མི་དེ་ མཐར་འཁྱོལ་བྱུང་མ་ཚུགས་པས།


དེ་ཡང་ ཇའི་སྒང་ལུ་ འབག་ནི་འབདཝ་ད་ ལུང་ཕྱོགས་འོང་འབབ་དང་ འགོ་དཔོན་ཚུ་གིས་ ཅ་དམ་ལས་ཁུངས་ཀྱིས་ བདའ་ཟུན་ཏེ་ བཟའ་ཆས་ཚུ་ འཕྱོག་བཟུང་འབད་ཡོདཔ་ད་ ཅ་དམ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཇའི་སྒང་ལུ་ བཟའ་ཆས་ཚོང་ཁང་ཅིག་ཡོད་མི་ བཀྲམ་སྤེལ་བ་ཅིག་གིས་ ཕུན་ཚོགས་གླིང་སྒོ་ར་ལས་ མི་ཊར་དག་པ་ཅིག་གི་ས་ཁར་ཡོད་མི་ བཀྲིས་ཚོང་འབྲེལ་ལྟེ་བའི་ སྦོ་ལོགས་ཁར་ ཅ་ཆས་ཚུ་ སྣུམ་འཁོར་ནང་བཙུགས་སར་མཐོངམ་ལས་ དེ་འཕྲོ་ལས་ འཕྱོག་བཟུང་འབད་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ བདའ་མ་ཟུན་པ་ཅིན་ ཚོང་པ་དེ་གིས་ ཅ་ཆས་ཚུ་ འབྲུག་ལས་ རྒྱ་གར་ལུ་ འབག་ཐོག་ལས་ བཙོང་བཙོངམ་འོང་ཟེར་ ཅ་དམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་པ་དེ་གིས་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ཡང་ ཚོང་འབྲེལ་ལྟེ་བ་དེ་ནང་ལས་ ཅ་ཆས་ཚུ་ སྣུམ་འཁོར་ནང་བཙུགས་སར་ མཐོང་པའི་ཤུལ་ལུ་ དོགས་པ་ཆགས་ཡོདཔ་ལས་ ཁོ་གི་ ལག་ལེན་ཚུ་ལུ་ ལྟ་རྟོག་འབད་ཡི་ཟེར་ཨིན་པས།
མི་དེ་གིས་ ཅ་ཆས་ཚུ་གི་ ཚོང་ཟོག་ཐོ་ཡིག་གི་ ཁ་བྱང་ནང་ ཕུན་ཚོགས་གླིང་ཟེར་ བཀོད་ཡོདཔ་ལས་ ཚོང་འབྲེལ་ལྟེ་བ་གིས་ ཅ་ཆས་ཚུ་ ཇའི་སྒང་ལུ་ འབག་འགྱོཝ་ཨིནམ་ ཧ་མ་གོ་བས་ཟེར་ཨིན་པས།
འབྲུག་ལུ་ སྤྱི་ཟླ་༣ པའི་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་ལངམ་མེད་པའི་ དཀའ་ངལ་ཐོན་པའི་ཤུལ་ལུ་ ཚོང་ཟོག་ཚུ་ ཁ་བསྒྱུར་ཐོག་ལས་ རྒྱ་གར་ལུ་འབག་མི་ མངམ་ཐོན་ཡོདཔ་ད་ ཁོང་གིས་ ཅ་ཆས་ཚུ་ རྒྱ་གར་ལུ་ འབག་འགྱོ་མི་དེ་ཡང་ ཁོང་གི་ལག་པར་ཡོད་མི་ འབྲུག་གི་དངུལ་ཀྲམ་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ཨིན་པས་ཟེར་ ཅ་དམ་འགོ་དཔོན་གྱིས་ སླབ་ཨིན་པས།
མི་ལ་ལུ་ཅིག་གིས་ ཅ་ཆས་ཚུ་ རྒྱ་གར་ལུ་ ཁ་བསྒྱུར་ཏེ་ འབག་མི་དེ་ཡང་ འབྲུག་ལུ་ ཁྲལ་ཉུང་སུ་དང་ རྒྱ་གར་ལུ་ ཁྲལ་མངམ་སྦེ་ སྤྲོད་དགོ་ནི་དེ་གིས་ ཨིན་པས་ཟེར་ བཤད་པའི་ཁར་ ལ་ལུ་ཅིག་གིས་ ད་ལྟོ་ དངུལ་ཐོག་ཨེ་པཱལ་གྱི་ ཕྱིར་ཚོང་འཐབ་པའི་ དུས་ཚོད་ཨིནམ་ལས་ སྣུམ་འཁོར་ཊཱག་ཕར་ཚུར་འགྱོ་མི་ མང་སུ་ཐོན་མི་དེ་ལུ་ གོ་སྐབས་ལེནམ་མས་ཟེར་ སླབ་ཨིན་པས།
ལུང་ཕྱོགས་ཅ་དམ་ཡིག་ཚང་གིས་ འཕྱོག་བཟུང་འབད་མི་ ཚོང་ཟོག་ཚུ་ རིན་བསྡུར་ཐོག་ བཙོང་ཐོག་ལས་ཐོབ་མི་ མ་དངུལ་དེ་ གཞུང་གི་རྩིས་ཁྲ་ནང་ བཙུག་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment