གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲུལ་གླང་ཊེག་ཊར་གྱི་ རྐྱེན་ངན་ནང་ ཕོ་སྐྱེས་༡ ལུ་ཤི་རྐྱེན།

༢༣/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༢༡ གི་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ དབང་འདུས་དང་ རྩི་རང་བར་ནའི་ གཞུང་ལམ་ཁར་ འཕྲུལ་གླང་ཊེག་ཊར་ཅིག་ ཐུག་རྐྱེན་བྱུང་མིའི་ནང་ སྐྱེས་ལོ་༢༣ ལང་མི་ དེད་གཡོགཔ་དེ་ འཕྲུལ་གླང་གི་ འོག་ལུ་ཚུད་དེ་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།


རྐྱེན་ངན་དེ་ དབང་འདུས་ལས་ ཀི་ལོ་མི་ཊར་༤༤ དེ་ཅིག་ལུ་ དར་དཀར་རྒེད་འོག་ དགའ་བ་ཆུ་ཟེར་སར་ བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ འཕྲུལ་གླང་ཊེག་ཊར་དེ་ ཤུགས་ཚད་ལས་བརྒལ་ཏེ་ བཏང་འགྱོ་བའི་དོགས་པ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལམ་ཁར་ འཁོར་ལོའི་ཤུལ་མཐོངམ་མ་ཚད་ འཁོར་ལམ་ཟུར་ཁར་ རྡོ་ཅིག་ཡང་ རྦོལ་རིལ་བཏང་ནུག་ཟེར་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ལུ་ འཕྲུལ་གླང་ཊེག་ཊར་དེ་ནང་ ཨེན་ཏ་ཚུ་བཙུགས་ཏེ་ དབང་འདུས་ལས་ རྩི་རང་ཁ་ཐུག་ལུ་ འགྱོ་བའི་བསྒང་ཨིན་པས།
ཊེག་ཊར་དེ་གི་ དེད་གཡོག་པའི་སྡོད་ཁྲི་ བསྒྱིར་བཏངམ་མ་གཏོགས་ རྒྱབ་ཁའི་ཝ་སྒྲོམ་དེ་ ག་ནི་ཡང་ མ་འབད་བར་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་སར་ རྐང་སྟོང་འགྱོ་མི་ཅིག་གིས་མཐོང་སྟེ་ ཁྲིམས་སྲུང་འགག་པ་ལུ་ དྲོ་པའི་ཆུ་ཚོད་༩ དང་ སྐར་མ་༤༥ དེ་ཅིག་ལུ་ བརྒྱུད་འཕྲིན་ཐོག་ལས་ སྙུན་ཞུ་འབད་ཡོདཔ་ཨིན་པས།
ཚེ་འདས་དེད་གཡོགཔ་དེ་ དབང་འདུས་རྫོང་ཁག་ ཕོབ་སྦྱིས་ཁ་ལས་ཨིནམ་ད་ ཁོ་ལུ་ ཨ་ལུ་༡ ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment