གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་དང་ བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུའི་ཚེས་གྲངས་ལུ་ ཁྱད་པར་ཞུགས་ཡོདཔ།

༢༠/༨/༢༠༡༢   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ ཤུལ་མའི་སྤྱི་ཚོགས་༢ པའི་ བཙག་འཐུའི་ཚེས་གྲངས་ཀྱི་ གྲོས་འཆར་བཀོད་ཡོད་མི་དེ་ གཞུང་སྐྱོང་གི་ བཙག་འཐུའི་ཚེས་གྲངས་གྲོས་འཆར་དང་ ཁྱད་པར་ཞུགས་མི་དེ་ ཁ་ཙ་ ལས་གཡོག་བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་སྐབས་ གསལ་བཤད་གནང་ཡི།


བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ གཞུང་སྐྱོང་གི་གནས་ཡུན་དེ་ སང་ཕོད་ སྤྱི་ཟླ་༦ པའི་ཚེས་༢ ལུ་ཚང་ནི་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་དེ་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ཚང་ནི་ཨིནམ་བཞིན་དུ་ གཞུང་སྐྱོང་གི་ཁ་ཐུག་ལས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་དེ་ སང་ཕོད་སྤྱི་ཟླ་༤ པའི་ཚེས་༢༠ ལུ་དང་ རྒྱལ་ཡོངས་ཚོགས་སྡེ་གི་གནས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚང་དགོ་ཟེར་ཨིན་པས།
བཅའ་ཁྲིམས་ཚུ་གི་ དགོངས་དོན་དང་འཁྲིལཝ་ད་ སྤྱི་ཚོགས་ཀྱི་གནས་ཡུན་དེ་ ཚོགས་འདུ་དང་ ཚོགས་སྡེའི་ འཚོགས་ཐེངས་དང་པ་ འཚོགས་པའི་ཉིནམ་ལས་ ལོ་༥ འི་རིང་ལུ་ཨིནམ་ད་ གཞུང་གིས་འབད་བ་ཅིན་ ཚོགས་འདུ་དང་ ཚོགས་སྡེའི་ཚོགས་ཐེངས་དང་པ་དེ་ སྤྱི་ལོ་༢༠༠༨ ཀྱི་ ཟླཝ་༤ པའི་ ཚེས་༢༡ དང་༢༩ ལུ་ འཚོགས་ཡོདཔ་ཨིན་ཟེར་བཤད་ཅི།
དེ་འབདཝ་ད་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ བཀོད་པའི་ཚེས་གྲངས་ཚུ་ སྤྱི་ཚོགས་ལྷན་བཞུགས་དང་པའི་ ཚེས་གྲངས་ལུ་ གཞི་བཞག་ནུག་ཟེར་ཨིནམ་ད་ སྤྱི་ཚོགས་ལྷན་བཞུགས་དང་པ་ འཚོགས་པའི་ཤུལ་ལས་ར་ ཚོགས་འདུའི་ཚོགས་རིམ་ཅིག་ སྤྱི་ཟླ་༦ པའི་ཚེས་༣ ལུ་འཚོགས་ཡོདཔ་ད་ ཚོགས་སྡེ་གིས་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ འཚོགས་ཡོད་མི་ལུ་ གཞི་བཞག་ནུག་ཟེར་ཨིན་པས།
ད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་ག་དེ་སྦེ་ འགོ་འདྲེན་འཐབ་ནི་ཨིན་ནའི་ གདམ་ཁ་༣ གྱི་གྲོས་འཆར་ཅིག་ཡང་ གསལ་བཀོད་འབད་ཡོདཔ་ཨིན་པས།
གྲོས་འཆར་དེ་དང་འཁྲིལཝ་ད་ སྲིད་ཚོགས་༢ ལས་ མངམ་ཐོན་ཏེ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ གཞི་རིམ་བཙག་འཐུ་དང་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ ཉིནམ་གཅིག་ལུ་དང་ ཡང་ཅིན་ ཚོགས་འདུའི་ མཐའ་མའི་བཙག་འཐུ་དང་ ཚོགས་སྡེའི་བཙག་འཐུ་གཉིས་ ཉིནམ་གཅིག་ལུ་ འགོ་འདྲེན་འཐབ་ནི་དང་ དེ་མིན་བཙག་འཐུ་ཚུ་ག་ར་ ཉིནམ་སོ་སོ་སྦེ་ འབད་ནི་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ མ་གཞི་ མ་དངུལ་གྱི་གནས་སྟངས་ཡོད་དེ་འབད་རུང་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ སྲིད་འབྲེལ་དང་ ལྷད་ཞུགས་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ བཙག་འཐུ་ཚུ་ག་ར་ སོ་སོ་སྦེ་ར་ འགོ་འདྲེན་འཐབ་དགོ་པའི་ གྲོས་འཆར་བཀོད་ཅི་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment