གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒྲོལ་མ་༢༡ གི་ མཐོང་གྲོལ་འགོ་འབྱེད་འབད་ཡོདཔ།

༢༧/༨/༢༠༡༢    ༉ མོང་སྒར་ འབྲས་སྤུངས་ལས་ ཐིམ་ཕུ་ལུ་ ལཱ་འབད་དེ་ཡོད་མི་ གཞུང་གཡོགཔ་དང་ གཡུས་མི་ཚུ་ མཉམ་འབྲེལ་ཐོག་ལས་ ཞི་བའི་སྒྲོལ་མ་༢༡ གི་ མཐོང་གྲོལ་ཅིག་ བཞེངས་ནི་ཨིན་མི་དེ་ ཁ་ཙ་ རྡོ་སྐྱོང་ལ་སྐྱིད་གནས་ལུ་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
མཐོང་གྲོལ་འགོ་འབྱེད་ཀྱི་ ཚབ་པར་རྐྱབ་པའི་བསྒང་།


ཧེ་མ་ཚར་ཅིག་ མཐོང་གྲོལ་དེ་ རིང་ཚད་ཕིཊི་༣༥ དང་ རྒྱ་ཚད་ཕིཊི་༣༠ བཞེངས་ནི་སྦེ་ འཆར་གཞི་བརྩམ་ཡོདཔ་ཨིན་རུང་ ད་རེས་ བསྒྲུབས་རན་ཁར་ལྷོད་མི་ འབྲས་སྤུངས་ལྷ་ཁང་གི་ རྒྱ་གཞི་དང་འཁྲིལཝ་ད་ དུམ་གྲ་ཅིག་བསྒྱུར་བཅོས་འབད་དགོཔ་ ཐོན་ཡོདཔ་ད་ དེ་ཡང་ རིང་ཚད་ཕིཊི་༢༥ དང་ རྒྱ་ཚད་ཕིཊི་༣༥ བཟོ་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ ལས་འཛིན་ཅིག་ནང་ ལཱ་འབད་མི་ ཚེ་རིང་གིས་འབད་བ་ཅིན་ མཐོང་གྲོལ་དེ་ འབྲས་སྤུངས་ལྷ་ཁང་ནང་ ལོ་བསྟར་གྱི་ ཚེས་བཅུ་གནང་བའི་སྐབས་ མི་སེར་ཚུ་གི་དོན་ལུ་ མཇལ་ཁ་གནང་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་ཚུན་ལུ་ འབྲས་སྤུངས་ལྷ་ཁང་གི་ ཚེས་བཅུ་དེ་ ཨ་རྟག་ར་ མོང་སྒར་རྫོང་ཁག་གི་ ཚེལ་བཅུ་དང་ དུས་མཉམ་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ད་ལས་ཕར་ དུས་ཚོད་ སོ་སོ་ཚུ་ནང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་ཟེར་ ཚེ་རིང་གིས་ སླབ་ཡོདཔ་ད་ མཐོང་གྲོལ་དེ་ སང་ཕོད་སྤྱི་ཟླ་༨ པའི་ནང་ བསྒྲུབ་འོང་ཟེར་ཨིན་པས།
མཐོང་གྲོལ་དེ་ བཞེངས་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ འབུམ་༢༥ གནས་ནི་ཨིན་མི་དང་འཁྲིལ་ ཚོགས་པའི་འཐུས་མི་དང་ གཡུས་མི་ཚུ་ མ་རྩིས་བར་ འབྲས་སྤུངས་བླམ་གྱིས་ འགོ་འདྲེན་ཐོག་ལས་ ཞལ་འདེབས་ཚུ་ཡང་ བསྡུ་བའི་བསྒང་ ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ཅིག་གིས་འབད་བ་ཅིན་ མཐོང་གྲོལ་བཞེངས་དགོ་པའི་ དམིགས་དོན་གཙོ་བོ་ར་ རྒྱལ་ཁབ་ནང་ བྱུང་བ་བཞིའི་ གལ་རྐྱེན་བར་ཆད་ཚུ་ཞི་སྟེ་ བདེ་སྐྱིད་འབྱུང་ལུ་ཨིནམ་ལས་ རྒྱལ་ཁབ་ཀྱི་ སྐུ་རིམ་བཟུམ་ཅིག་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment