གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་ཚོད་བསྲེའི་ཐོན་སྐྱེད་རང་ལྡང་བཟོ་ནིའི་ཐབས་བྱུས།

༣༠/༨/༢༠༡༢   ༉ སྤྱི་ལོ་༢༠༡༤ ལས་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་གིས་ རང་འཚོ་རང་ལྡང་སྦེ་ གནས་ཚུགས་ནིའི་དོན་ལུ་ ཐབས་བྱུས་ལག་ལེན་ འཐབ་བཞིན་དུ་ཡོད་མིའི་གྲས་ལས་ གཅིག་ ཁ་ཙ་ དབང་འདུས་ཕོ་བྲང་ བ་ཇོ་ཐང་ལུ་ སོ་ནམ་ལྷན་ཁག་གིས་ འགྲེམ་སྟོན་འབད་མི་ སྔོ་ཚལ་འཛུགས་སྐྱོང་ཤེལ་ཁྱིམ་ནང་ ཚོད་བསྲེ་འཛུགས་སྐྱོང་ འབད་མི་དེ་ཨིན་པས།
སོ་ནམ་མཁས་མཆོག་གིས་ སྔོ་ཚལ་འཛུགས་སྐྱོང་གི་ཁྱིམ་ནང་ ཚོད་བསྲེའི་སོན་བཏབ་ཐངས་ཀྱི་ འགྲེམ་སྟོན་འབད་བའི་བསྒང་།


སྔོ་ཚལ་འཛུགས་སྐྱོང་གི་ཁྱིམ་ནང་ གནམ་བྱཱ་ལུ་སྐྱེ་མི་ ཚོད་བསྲེ་བླམ་བན་ད་དང་ གོན་ཅུང་ མེ་ཏོག་ཀོ་པིའི་རིགས་ཚུ་ གནམ་དགུན་ལུ་ཡང་ སྐྱེ་བཏུབ་ནི་ཨིནམ་ད་ དེ་གི་དོན་ལུ་ ཚད་གཞི་མི་ཊར་གྲུ་བཞི་༡༠ དེ་ཅིག་འབད་མི་ སྔོ་ཚལ་འཛུགས་སྐྱོང་གི་ཁྱིམ་ནང་ ཚོད་བསྲེའི་རིགས་ ག་དེ་འབད་ འཛུགས་སྐྱོང་ འབད་ནི་ཨིན་ནིའི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་དང་འབྲེལ་ འགྲེམ་སྟོན་འབད་མི་དེ་ནང་ དབང་འདུས་རྫོང་ཁག་གི་ མི་སེར་སོ་ནམ་ཚོགས་པ་༡༢ ཀྱི་ ཁྲི་འཛིན་དང་ འཐུས་མི་༢༧ དེ་ཅིག་གིས་ བཅའ་མར་གཏོགས་ཅི།
དེ་བསྒང་  སོ་ནམ་མཁས་མཆོག་ཚུ་གིས་ སོན་བཏབ་ཐངས་དང ལྕངམ་བཙུགས་ཐང་ གཡུར་མ་རྐྱབ་ཐངས་ཚུ་ སྟོན་ཡོདཔ་མ་ཚད་ འགྲེམ་སྟོན་འབད་མི་ སོ་ནམ་མཁས་མཆོག་ ཌི་ཌི་ ཆེ་ཏི་རི་གིས་ འབད་བ་ཅིན་ ཁ་ཙ་བཙུགས་མི་ སོན་དང་ལྕངམ་ཚུ་ སང་ཕོད་སྤྱི་ཟླ་༡ པ་ལས་ བསྡུ་ཚུགས་ནི་ཨིནམ་མ་ཚད་ སྔོ་ཚལ་འཛུགས་སྐྱོང་ ཁྱིམ་གྱི་ཕྱི་ཁར་ གནམ་དགུན་ལུ་སྐྱེ་མི་ ཚོད་བསྲེའི་རིགས་ཚུ་བཙུགས་ཅི།
དེ་བཟུམ་མའི་ ཐབས་ལམ་བཏོན་མི་དེ་ རྒྱལ་ཁབ་ཀྱི་ སྲིད་བྱུས་དང་འཁྲིལ་ ཕྱི་ཁ་ལས་ ཚོད་བསྲེའི་རིགས་ ནང་འདྲེན་འབད་ནི་དེ་ མཚམས་འཇོག་ཐོག་ ནང་འཁོད་ཚོད་བསྲེ་ཚུ་གིས་ གནམ་བྱཱར་དགུན་ གཉིས་ཆ་རའི་ནང་ ལང་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་པས།
སོ་ནམ་ལྷན་ཁག་གི་ མཉམ་འབྲེལ་མདོ་ཆེན་ བསྟན་འཛིན་དོན་གྲུབ་ཀྱིས་འབད་བ་ཅིན་ ཚོད་བསྲེ་རྒྱ་སྦོམ་སྦེ་ འཛུགས་སྐྱོང་འབད་དགོ་པ་ཅིན་ ལཱ་འབད་ཐངས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ད་ལས་ཕར་ རྒྱ་སྦོམ་སྦེ་ འཛུགས་སྐྱོང་འབད་ནིའི་དོན་ལུ་ གཞུང་གིས་ ཐབས་ལམ་སྣ་ཚོགས་བཏོན་མིའི་གྲས་ལས་༡ སྔོ་ཚལ་འཛུགས་སྐྱོང་གི་ ཁྱིམ་ལག་ལེན་འཐབ་ནི་དེ་ཨིན་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ དཀའ་ངལ་ངོ་མ་ར་ ཚོད་བསྲེ་ཚུ་ ཡུན་བརྟན་སྦེ་ བསགས་བཞག་སའི་ མཛོད་ཁང་དང་ བཙོང་སའི་ས་གནས་ དེ་ལས་ སྐྱེལ་འདྲེན་གྱི་ ཞབས་ཏོག་ཚུ་ ལེགས་ཤོམ་མེདཔ་ལས་ སང་ཕོད་ལས་ ས་ཁ་མཐོ་སའི་རྫོང་ཁག་ཚུ་ལུ་ གསོག་འཇོག་མཛོད་ཁང་ཚུ་ བཀྲམ་སྤེལ་འབད་ནི་དང་ སྐྱེལ་འདྲེན་གྱི་འཐུས་ཚུ་ཡང་ གཞུང་ལས་ མར་བཅག་ཐོག་ལས་ བྱིན་འོང་ཟེར་ མཉམ་འབྲེལ་མདོ་ཆེན་གྱིས་ བཤད་ཅི།
དེ་མ་ཚད་ འཆར་གཞི་༡༡ པའི་ནང་ སོ་ནམ་ཞིང་ལམ་ཚུ་ གནམ་བྱཱར་དགུན་མེད་པར་ ལག་ལེན་འཐབ་བཏུབ་ བཟོ་ཐོག་ལས་ ཚོད་བསྲེའི་རིགས་ ག་ཅི་བཟུམ་ཨིན་རུང་ རུལ་ནི་གི་ ཚ་གྱང་མེད་པར་ བཙོང་ཚུགས་པའི་ གོ་སྐབས་ཡོད་པའི་ཁར་ ད་རེས་ནངས་པ་ རྫོང་ཁག་ལ་ལུ་ཅིག་ནང་ སའི་དབྱིབས་ ལེགས་ཤོམ་མེད་མི་ལུ་བརྟེན་ འཕྲུལ་ཆས་ཀྱི་ཐོག་ལས་ ལཱ་འབད་མ་ཚུགས་མི་ཚུ་ཡང་ འབད་ཚུགསཔ་བཟོ་ནི་ཟེར་ཨིནམ་ད་ དེ་བཟུམ་མའི་ དཀའ་ངལ་དེ་ མང་ཤོས་ར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཡོདཔ་ཨིན་པས།
སྤྱི་ལོ་༡༠༡༢ དང་༢༠༡༣ གྱི་ ནང་འཁོད་ལུ་ ཚོད་བསྲེའི་ཐོན་སྐྱེད་རྒྱ་བསྐྱེད་གཏང་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༢༤ དེ་ཅིག་ བགོ་བཀྲམ་འབད་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment