གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༢༤/༨/༢༠༡༢

འབྲུག་དང་ ས་ཝ་ཛི་ལེནཌི་ རྒྱལ་བརྒྱུད་རྒྱལ་ཁབ་ཀྱིས་ སྤྱི་ཟླ་༨ པའི་ཚེས་༢༡ ལུ་ ནིའུ་ཡོག་ལུ་ འབྲུག་གི་ གཏན་འཇགས་དོན་གཅོད་ལས་ཁང་ནང་སྦེ་ དོན་གཅོད་ཀྱི་མཐུན་ལམ་ གཞི་བཙུགས་འབད་ཡོདཔ་ཨིན་པས།དོན་གཅོད་ཀྱི་མཐུན་ལམ་གྱི་ ཆིངས་ཡིག་གུ་ འབྲུག་གི་ གཏན་འཇགས་སྐུ་ཚབ་ ལྷ་ཕྲུག་དབང་ཕྱུག་དང་ ས་ཝ་ཛི་ལེནཌི་གི་ གཏན་འཇགས་སྐུ་ཚབ་ཀྱིས་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ སྲུང་སྐྱོབ་ཚོགས་སྡེ་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ ས་ཝ་ཛི་ལེནཌི་གི་སྐུ་ཚབ་ཀྱིས་ རྒྱབ་སྐྱོར་འབད་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།འབྲུག་གིས་ ས་ཝ་ཛི་ལེནཌི་དང་གཅིག་ཁར་ དོན་གཅོད་ཀྱི་མཐུན་ལམ་ གཞི་བཙུགས་འབད་མི་དེ་ རྒྱལ་ཁབ་༤༠ པ་ ཨིན་པའི་གནས་ཚུལ།

No comments:

Post a Comment