གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒོ་ནོར་ཚུ་ལུ་ གནོདཔ་བཀལ་མི་ གཅན་གཟན་ ངོས་འཛིན་འབད་ནི།

༢༩/༨/༢༠༡༢   ༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ ཀ་ལ་སྤང་གཡུས་ཚན་ནང་ ད་རེས་ནངས་པ་ གཟིག་ཚུ་གིས་ སྒོར་ནོར་སེམས་ཅན་ཚུ་ལུ་ གནོདཔ་སྦོམ་སྦེ་ར་ བཀལ་དོ་ཡོད་པའི་སྐོར་ལས་ ས་གནས་ཀྱི་ གླིང་འཛིན་པ་ལུ་ སྙན་ཞུ་ལྷོད་མི་ལུ་བརྟེན་ ནགས་ཚལ་ལས་བྱེདཔ་ཚུ་གིས་ གནོདཔ་བཀལ་མི་ སེམས་ཅན་དེ་ གཟིག་ཨིན་ན་མེན་ན་ བལྟ་ནིའི་དོན་ལུ་ ཀ་ལ་སྤང་གཡུས་ཚན་ནང་ སོང་ཡོདཔ་ཨིན་པས།
གཟིག་ཚུ་གིས་ ནདཔ་བཏོན་བཞག་མི་ ཕགཔ་ཅིག།


དེ་ཡང་ གཟིག་ཚུ་གིས་ གཡུས་ཚན་དེ་ནང་ཐོན་ཏེ་ བདུན་ཕྲག་༡ ལྷག་ཡོདཔ་བཞིན་དུ་ ཁྱིམ་ཚུ་གི་ མཐའ་འཁོར་ལས་ཕར་ འཁྱམས་ཏེ་ སྡོད་དོ་ཡོདཔ་ད་ སོ་ནམ་པ་ འཇིགས་མེད་ཀྱིས་ སླབ་མིའི་ནང་ གཡུས་ཚན་ནང་ སྒོར་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་གཟིག་དེ་ བུམ་ཐང་པའི་ རོ་ཁྱི་སྦོམ་ཚུ་བཟུམ་སྦེ་ འདུག་ཟེར་ཨིནམ་ད་ ཕར་ཚུར་གྱི་ རིང་ཚད་ལུ་ལྟཝ་ད་ རོ་ཁྱི་ལས་ རིང་སུ་ཅིག་ འདུག་ཟེར་ཨིན་པས།
གཟིག་ཚུ་གིས་ ཁ་ཉིནམ་དྲོ་པ་ ཁོ་གི་ ཁྱིམ་ཚང་ཅིག་གི་ བྱམོ་༧ བསད་ཡོདཔ་མ་ཚད་ ད་རུང་ ལོག་སྟེ་ར་ འོང་སར་མཐོང་རུང་ གཡུས་མི་ཚུ་ འདྲོག་བྱེལ་འཐབ་པའི་ཤུགས་ཀྱིས་ སྐད་རྐྱབ་སྡོད་ནི་མ་གཏོགས་ གཞན་འབད་ཐབས་ ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ གཟིག་ཚུ་གིས་ གཡུས་ཚན་ནང་འོང་སྟེ་ འཁྱམས་སྡོད་དོ་ཡོདཔ་ལས་ གཡུས་མི་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
ཀ་ལ་སྤང་གཡུས་ཚན་ནང་ བདུན་ཕྲག་༡ གི་ནང་འཁོད་ལུ་ར་ གཟིག་ཚུ་གིས་ བྱམོ་༡༦ བསད་ཡོད་པའི་སྐོར་ལས་ ཉིནམ་དག་པ་གི་ཧེ་མར་ གནས་ཚུལ་གསལ་བཀོད་འབད་ཚར་བའི་ཤུལ་ལུ་ ད་རུང་ ཁ་ཉིནམ་ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ གུང་པ་ཅིག་གི་ བྱམོ་༢ བསད་ཡོདཔ་མ་ཚད་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ ལོག་ཁྱིམ་ནང་འོང་སྟེ་ བྱམོ་༢ བསད་པའི་ཁར་༢ ནདཔ་བཏོན་ཡོདཔ་ཨིན་པས།
ཁ་ཙ་ཚུན་ ཀུན་གསལ་གྱིས་ཐོབ་མི་ སྙན་ཞུ་དང་འཁྲིལཝ་ད་ གཟིག་ཚུ་གིས་ དུས་ཅི་ སྤྱི་ཟླ་༦ པ་ལས་ ད་ཚུན་གྱི་བར་ན་ ཁྱིམ་གུང་པ་༡ གི་ནོར་༦ ལུ་ གནོདཔ་བཀལ་བའི་ཁར་ སྤྱི་ཟླ་༨ པའི་ཚེས་༢༠ ལས་༢༦ ཚུན་ ཁྱིམ་གུང་པ་༥ གི་ བྱམོ་༢༠ བསད་ཡོདཔ་མ་ཚད་ ཕགཔ་༡ དང་ ར་༡ ནདཔ་བཏོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ནངས་པ་ གཟིག་ཚུ་གིས་མ་ཚད་ སྒོ་ནོར་སེམས་ཅན་ཚུ་ལུ་ ཕརཝ་ཚུ་གིས་ཡང་ གནོདཔ་བཀལ་དོ་ཡོདཔ་ད་ སྐྱེངས་མཁར་རྒེད་འོག་ སྟོང་ལ་གཡུས་ཚན་ནང་ཡང་ ཁྱིམ་གུང་པ་༡ གི་ ནོར་༣ ཕརཝ་ཚུ་ལུ་ ཤོར་ཡོདཔ་ད་ སྟོང་ལ་གཡུས་ཚན་དེ་ ཀ་ལ་སྤང་གཡུས་ཚན་དང་དབྱེ་བ་མེད་པར་ ནགས་ཚལ་ཚུ་གིས་ མཐའ་སྐོར་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment