གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་རྫོང་ཁག་ནང་ མི་༡༣ ལུ་ ཟས་དུག་ཐོབ་སྟེ་ སྨན་བཅོས་འབད་དོ་ཡོདཔ།

༢༡/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ རྩི་རང་རྫོང་ཁག་གི་ སློབ་གྲྭའི་སློབ་ཕྲུག་ཚུ་རྩིས་པའི་ མི་༡༣ ལུ་ཟས་དུག་ཐོབ་མི་ལུ་བརྟེན་ རྩི་རང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོད་མི་ ནདཔ་ཚུ་གིས་ སླབ་མིའི་ནང་ དེ་ཚེ་དྲོ་པའི་ཆུ་ཚོད་༡༠ ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༡༠ ཚུན་གྱི་བར་ན་ ཁྲོམ་ཁར་ཡོད་པའི་ མངར་ཟས་བཟོ་ཁང་ཅིག་ནང་ལས་ མངར་ཟས་ཀཱེག་ཚུ་ ཉོ་ བཟའ་ཡི་ཟེར་ཨིན་པས།



ཁོང་གིས་འབད་བ་ཅིན་ ཀཱེག་ཚུ་ དྲོ་པ་ལས་ བཟའ་ཡོདཔ་ཨིན་རུང་ དྲོད་འབར་རྐྱབ་སྟེ་ ན་ནི་དེ་ ཕྱི་རུ་ཁམས་ཅིག་ཁར་ལས་མ་གཏོགས་ འགོ་མ་བཙུགས་ཟེར་ཨིན་པས།
འགྲམ་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༠ པའི་ སློབ་ཕྲུག་ ཀུན་ལེགས་དབྱངས་འཛོམས་ཀྱིས་ བཤད་མིའི་ནང་ མོ་གིས་ དེ་ཚེ་དྲོ་པ་ ཆུ་ཚོད་༡༠ དེ་ཅིག་ཁར་ མངར་ཟས་ཚོང་ཁང་དེ་ནང་ལས་ ཀཱེག་ཉོ་སྟེ་ བཟའ་ཡོདཔ་ད་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁ་ལས་ མོ་ན་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཨིན་རུང་ མོ་རའི་ཕམ་ཚུ་གིས་ ཚ་རིམས་ཨིནམ་འདྲས་མནོ་སྟེ་ ཀུན་ལེགས་དབྱངས་འཛོམས་དེ་ ན་རུང་ ཁྱིམ་ནང་ར་བཞག་ཡོདཔ་ད་ ཁ་ཙ་ཡང་ དྲག་ནི་མེད་པའི་བསྒང་ལས་རྐྱངམ་གཅིག་ དྲོ་པའི་ ཆུ་ཚོད་༡༠ དེ་ཅིག་ཁར་ སྨན་ཁང་ནང་ འབག་བསྐྱལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་ཁར་ ཚོང་རྐྱབ་སྡོད་མི་ ཤཱར་མ་གི་བུ་ སྐྱེས་ལོ་༡༡ འབད་མི་དེ་ཡང་ དེ་བཟུམ་མའི་ནད་གཞི་ལུ་བརྟེན་ སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ ཤཱར་མ་གིས་འབད་བ་ཅིན་ ཁོ་རའི་བུ་དེ་གིས་ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ མངར་ཟས་ཚོང་ཁང་དེ་ནང་ལས་ ཀཱེག་ཉོ་བཟའ་ཡོདཔ་སྦེ་ སླབ་དོ་ཡོདཔ་ད་ མི་ཚུ་གིས་ རང་གི་ཁེ་སང་ལུ་བལྟ་སྟེ་ ཚོང་འབྲེལ་འཐབ་རུང་ མི་ཚུ་གི་ སྲོག་གི་སྐོར་ལས་ཡང་ མནོ་བསམ་གཏང་དགོཔ་ འདུག་ཟེར་ཨིན་པས།
ནདཔ་ཚུ་གིས་འབད་བ་ཅིན་ ཁ་ལས་སྐྱུགས་པའི་སྐབས་ལུ་ སྒོང་རྡོག་གི་ དྲིམ་མནམ་དོ་ཡོདཔ་ལས་ ཁོང་གི་སེམས་ཁར་ལས་ ཀཱེག་ཚུ་བཟོ་བའི་སྐབས་ སྒོང་རྡོག་རུལ་རུལཝ་ཚུ་ བླུགས་ཡོད་པའི་ དོགས་པ་ཆགས་རུང་ གསོ་བའི་འགོ་དཔོན་ཚུ་གིས་ དེ་གི་སྐོར་ལས་ ག་ཅི་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པས།
རྩི་རང་རྫོང་ཁག་སྨན་ཁང་ལས་ ཌོག་ཊར་ ཏཱེཇི་ནཱཐ་ ནེ་པཱལ་གྱིས་ སླབ་མིའི་ནང་ ནདཔ་ཚུ་ མང་ཤོས་ཅིག་ར་ ཨ་ཝ་ཤར་ ཁ་ལས་སྐྱུགས་ དེ་ལས་ དྲོད་འབར་རྐྱབ་ཐོག་ལས་ ན་ནུག་ཟེར་ཨིན་རུང་ ད་ལྟོ་ཚུན་ལུ་ ནད་གཞི་ཚུ་ ངོས་འཛིན་འབད་ནིའི་དོན་ལུ་ དབྱེ་ཞིབ་ མ་འབད་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment