གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་དང་ བཙག་འཐུ་ལྷན་ཚོགས་ཀྱི་བར་ན་ གོ་བ་བརྡ་ལོག།

༢༢/༨/༢༠༡༢   དེ་ཡང་ ལྷན་ཚོགས་ཀྱིས་འབད་བ་ཅིན་ གཞུང་གིས་ བརྡ་བརྒྱུད་ཚུ་ལུ་ ཁྱབ་བསྒྲགས་བྱིན་པའི་སྐབས་ འོས་འཚམས་དང་བསྟུན་ཏེ་བྱིན་དགོ་ཟེར་མི་ལུ་ ལྷན་ཚོགས་ཀྱིས་ བརྡ་བརྒྱུད་༣ གདམ་ཁ་རྐྱབ་ནི་དེ་གིས་ཨིན་པས།

༉ འཕྲལ་ཁམས་ལུ་ གཞུང་གིས་ བཙག་འཐུ་ལྷན་ཚོགས་ལུ་ ད་རེས་གཞུང་ལུ་མ་དངུལ་གྱི་དཀའ་ངལ་ལུ་བརྟེན་ འཆར་དངུལ་མར་ཕབ་འབད་དེ་ ཁྱབ་བསྒྲགས་དང་གསལ་བསྒྲགས་ཀྱི་རིགས་ཚུ་ བརྡ་བརྒྱུད་ཚུ་ནང་བཏངམ་ད་ བརྡ་བརྒྱུད་ག་ར་ལུ་མིན་པར་ ཁྱབ་ཚད་དང་ གསལ་བསྒྲགས་ཀྱི་གནས་སྟངས་ལུ་ གཞི་བཞག་ཐོག་ འབད་དགོ་པའི་བཀའ་རྒྱ་ལུ་བརྟེན་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་བརྒྱུད་༣ གདམ་ཁ་རྐྱབ་སྟེ་ དེ་ཚུ་ལུ་མ་གཏོགས་ གཞན་ལུ་མི་བྱིན་ཟེར་བའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།


བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་བརྒྱུད་དེ་སྦེ་གདམ་ཁ་རྐྱབ་མི་དེ་ གཞུང་གིས་ འོས་ལྡན་མེན་པའི་གནད་དོན་ཚུ་བཀོད་ཐོག་ལས་ གསལ་བསྒྲགས་འབད་མི་ལུ་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱིས་ དེ་ལུ་ངོས་ལེན་དང་ ངལ་རངས་ཡོད་ཟེར་བཤདཔ་ཨིན་པས།
བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱིས་ སླབ་མིའི་ནང་ ལྷན་རྒྱས་གཞུང་ཚོགས་དང་ བློན་ཆེན་ཡིག་ཚང་ཁ་ཐུག་ལས་ དེ་བཟུམ་མའི་ ཁ་གསལ་རྐྱབ་མི་དེ་ལུ་ བཙག་འཐུ་ལྷན་ཚོགས་ལུ་ ངལ་རངས་ཡོད་ཟེར་སླབ་མི་དེ་ཡང་ གསལ་སྒྲགས་དེ་དང་འཁྲིལ་བ་ཅིན་ ལྷན་ཚོགས་ཀྱིས་ དཔལ་འབྱོར་གནས་སྟངས་དང་ མ་དངུལ་གྱི་དཀའ་ངལ་ཚུ་སེམས་ཁར་བཞག་ཐོག་ལས་ གསལ་བསྒྲགས་ཀྱི་རིགས་ཚུ་ བརྡ་བརྒྱུད་ཚུ་ནང་ ཧེ་མ་ལག་ལེན་འཐབ་མིའི་ལམ་ལུགས་ལྟར་དུ་སྦེ་རང་ འབད་ཆོག་པའི་ གོ་བ་ལེན་ཡི་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༧ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ དངུལ་རྩིས་ལྷན་ཁག་ལས་འབྱོར་བའི་བཀའ་རྒྱ་ལྟར་དུ་སྦེ་ གདམ་ཁ་ཅན་གྱི་བརྡ་བརྒྱུད་༣ ལུ་མ་གཏོགས་ གཞན་ལུ་ ཁྱབ་བསྒྲགས་དང་གསལ་བསྒྲགས་ཀྱི་གོ་སྐབས་མི་བྱིན་ཟེར་ བརྡ་སྤེལ་འབད་མི་དེ་གིས་ ཡོངས་འབྲེལ་ཚུ་ནང་ལས་ཕར་ གཞུང་ལུ་ཉེས་བཙུགས་དང་ ཉོགས་བཤད་བཀོད་མི་ལེ་ཤ་ཐོན་ནི་དེ་གིས་ བློན་ཆེན་ཡིག་ཚང་ནང་ལས་ ལྷན་ཚོགས་ཀྱི་ གསལ་བསྒྲགས་འབད་མི་དེ་ལུ་ ཁ་གསལ་གྱི་ ཡིག་གུ་ཅིག་ བརྡ་བརྒྱུད་ནང་ བཀོད་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ ཁྱབ་བསྒྲགས་འབད་མིའི་ནང་ དངུལ་རྩིས་ལྷན་ཁག་གི་ བཀའ་རྒྱ་ལྟར་དུ་ ལྷན་ཚོགས་ཀྱི་ གསལ་བསྒྲགས་འབད་དགོ་པའི་རིགས་ཚུ་ ཀུན་གསལ་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་ དེ་ལས་ སྐུ་གཟུགས་རེ་ཌིའོ་ཚུ་ནང་རྐྱངམ་གཅིག་ བྱིན་ནི་ཨིན་ཟེར་བཀོད་ཡོདཔ་ཨིན་པས།
གཞུང་གིས་ བརྡ་བརྒྱུད་ཁག་ཚུ་ལུ་ སྤྱི་ཟླ་༨ པའི་ཚེས་༢༠ ལུ་བཏང་ཡོད་མི་ ཡི་གུ་དང་འཁྲིལཝ་ད་ གཞུང་གི་བཀའ་རྒྱ་དེ་ ཁྱབ་བསྒྲགས་དང་ གསལ་བསྒྲགས་ཚུ་གི་ འོས་འཚམས་དང་བསྟུན་པའི་ བརྡ་བརྒྱུད་གདམ་ཁ་རྐྱབ་ཐོག་ལས་ བྱིན་དགོ་ཟེར་མ་གཏོགས་ ལྷན་ཚོགས་ཀྱིས་ གདམ་ཁ་རྐྱབ་མི་ཚུ་རྐྱངམ་གཅིག་ལུ་བྱིན་དགོ་ཟེར་ བཀའ་རྒྱ་མ་གནང་ཟེར་བཀོད་ནུག་ཟེར་ཨིན་པས།
གཞུང་གིས་གསལ་བཀོད་འབད་མིའི་ནང་ ཁྱབ་བསྒྲགས་དང་ གསལ་བསྒྲགས་གི་དོན་ལུ་ ཡོད་པའི་མ་དངུལ་དང་ ཁྱབ་བསྒྲགས་ཀྱི་གནས་སྟངས་ དེ་ལས་ བརྡ་བརྒྱུད་དེ་གི་ཁྱབ་ཚད་ཚུ་ལུ་ གཞི་བཞག་དང་འབྲེལ་ བརྡ་བརྒྱུད་ཚུ་ལུ་ བགོ་བཤའ་ཐོག་ བྱིན་དགོ་ཟེར་ཨིནམ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་བརྒྱུད་གདམ་ཁ་རྐྱབ་མི་ལུ་ གཞུང་གིས་ བཀའ་བཀོད་འབད་ནི་གི་ དབང་ཚད་མེད་ཟེར་བཀོད་ཡོདཔ་ཨིན་པས།
བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱིས་སླབ་མིའི་ནང་ ལྷན་ཚོགས་ཀྱིས་ བརྡ་བརྒྱུད་༣ པོ་གདམ་ཁ་རྐྱབ་མི་དེ་ འཕྲལ་ཁམས་ཅིག་ཁར་ བརྡ་དོན་བརྒྱུད་འབྲེལ་ལྷན་ཁག་གིས་ བརྡ་བརྒྱུད་ཚུ་གི་ ཁྱབ་ཚད་ཞིབ་དཔྱད་སྙན་ཞུ་ གསལ་སྟོན་འབད་མིའི་ནང་ གསར་ཤོག་ཚུ་གི་གྲས་ལས་ ཀུན་གསལ་དེ་མཐོ་ཤོས་དང་ རྒྱང་སྒྲགས་ནང་ འབྲུག་རྒྱང་སྒྲགས་ལས་འཛིན་ དེ་ལས་ རེ་ཌིའོ་གི་གྲས་ལས་ སྐུ་གཟུགས་ཀྱི་ཁྱབ་ཚད་དེ་ མཐོ་ཤོས་ཅིག་ཨིནམ་སྦེ་ ཡོད་མི་ལུ་ གཞི་བཞག་སྟེ་ཨིན་ཟེར་བཤད་ཅི།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ ལྷན་ཚོགས་ཀྱི་ བརྡ་བརྒྱུད་གདམ་ཁ་ཐོག་ གསལ་བསྒྲགས་འབད་ནི་གི་གྲོས་ཆོད་དེ་ དངུལ་རྩིས་ལྷན་ཁག་གི་བཀའ་རྒྱ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བཀའ་བཀོད་ དེ་ལས་ དངུལ་རྩིས་ལྷན་ཁག་ལས་ ཡང་ལས་ཡང་དུ་ གཞུང་གི་ཟད་འགྲོ་མར་ཕབ་འཆར་གཞི་ལུ་ ལྷན་ཚོགས་ཀྱིས་ རྒྱབ་སྐྱོར་མེད་པའི་ ངོས་འཛིན་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment