གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྭངས་ཆུ་གིས་ འཕྱགས་བདའ་མི་ སློབ་ཕྲུག་བུམོ་ཅིག་ལུ་ ཤི་རྐྱེན།

༢༡/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་སློབ་གྲྭ་ཆུང་བའི་ སློབ་ཕྲུག་བུམོ་ཅིག་ དྭངས་ཆུ་གིས་ འཕྱགས་བདའ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ད་ ཚེ་འདས་ཀྱི་ཕུངམ་དེ་ དབང་འདུས་རྫོང་གི་མཇུག་ལས་ ཐོབ་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༡༡ ལང་མི་ ཚེ་འདས་སློབ་ཕྲུག་བུམོ་དེ་ སློབ་རིམ་༤ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
རྐྱེན་ངན་དེ་ སློབ་ཕྲུག་བུམོ་སྡེ་ཚན་ཅིག་ དྭངས་ཆུའི་སྦུག་ལུ་ མཛར་ཅུམ་བཟའ་བར་ འགྱོ་བའི་སྐབས་ལུ་ བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ དེ་ཚེ་ དྲོ་པའི་ཆུ་ཚོད་༨ དང་སྐར་མ་༣༠ དེ་ཅིག་ལུ་ སློབ་ཕྲུག་བུམོ་༤ འབད་མི་ སྡེ་ཚན་ཅིག་ དྭངས་ཆུའི་སྦུག་ལུ་ ས་གོ་ཆུང་ཀུ་ཅིག་ཡོད་སར་ མཛར་ཅུམ་བཟའ་བར་ འགྱོ་བའི་སྐབས་ བུམོ་༣ གྱིས་ ཆུ་བརྒལ་ཏེ་ ས་གོ་ནང་ ལྷོད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཚེ་འདས་བུམོ་དེ་ ཆུ་བརྒལ་ནི་གི་ དཔའ་བཅམ་ད་ འགྱེལ་ཏ་རྐྱབ་འགྱོཝ་ལས་ ཆུ་ནང་བུད་དེ་ འཕྱགས་འབག་ནུག་ཟེར་ཨིན་པས།
དེ་བསྒང་ བུམོ་ཚུ་དང་གཅིག་ཁར་ བུཚ་༥ འབད་མི་ སྡེ་ཚན་ཅིག་ཡང་ ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ སྐྱེལ་ལོ་༡༡ ལང་མི་ བུཚ་ཅིག་གིས་ སྲོག་སྐྱབས་འབད་ནིའི་དོན་ལུ་ ཚེ་འདས་ཀྱི་ ལགཔ་བཟུངམ་ད་  ཁོང་༢ ཆ་ར་ ཆུ་གིས་འཕྱགས་འབག་རུང་ བུཚ་དེ་གིས་ རྩལ་རྐྱབ་སྟེ་ ཐོན་ཚུགས་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ ཀི་ལོ་མི་ཊར་ ཕྱེད་དེ་ཅིག་གི་ས་ཁར་ དབང་འདུས་རྫོང་གི་མཇུག་ལུ་ ཕུཊ་བཱོལ་རྩེད་སྡོད་མི་ བུཚ་༢ ཀྱིས་ མཐོང་ཡོདཔ་ལས་ ཁོང་གིས་ དེ་འཕྲོ་ལས་ ཆུ་ནང་ལས་བཏོནམ་ད་ ཤི་སོ་ནུག་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
ཚེ་འདས་སློབ་ཕྲུག་བུམོ་དེ་ དར་དཀར་ནང་ སྤང་སེར་པོ་ལས་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment