གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོགས་པ་ཅན་སློབ་དཔོན་དེ་ འཕྲལ་མགྱོགས་ར་ ཁྲིམས་འདུན་ལུ་གཏང་ནི།

༢༧/༨/༢༠༡༢   ༉ ད་རེས་ཁམས་ བསམ་རྩེའི་སློབ་གྲྭ་ཅིག་ནང་ རྒྱ་གར་གྱི་ སློབ་དཔོན་ཅིག་གིས་ ཁོ་རའི་ཁྱིམ་ནང་སྦེ་ སློབ་ཕྲུག་བུམོ་༢ ལོག་སྤྱོད་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ ད་རེས་ཀྱི་བདུན་ཕྲག་ནང་ར་ ཁྲིམས་སྲུང་འགག་པ་དང་ སིབ་སུ་དྲུང་ཁག་༢ མཉམ་འབྲེལ་ཐོག་ལས་ ཁྲིམས་འདུན་ལུ་ གཏང་ནི་ཨིན་པས།


སྐྱེས་ལོ་༣༣ འབད་མི་ རྒྱ་གར་གྱི་ རྩིས་སློབ་དེ་གིས་ སློབ་གྲྭའི་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ དྲི་བ་ཚུ་ བྱིན་ནི་གི་ ཁ་བཟེད་ཐོག་ལས་ སློབ་རིམ་༨ པའི་ སློབ་ཕྲུག་བུམོ་༢ ལུ་ ལོག་སྤྱོད་འབད་བའི་ སྙན་ཞུ་ཐོབ་པའི་ཤུལ་ལུ་ སློབ་གྲྭའི་དབང་འཛིན་གྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལས་ གནས་ཚུལ་བཤད་མི་ཚུ་གིས་ འབད་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ སློབ་དཔོན་དེ་གིས་ སྐུགས་ཚད་༢༥ རེ་འབད་མི་ རྩིས་ཀྱི་དྲི་བ་༨ བུམོ་དེ་གཉིས་ལུ་ བྱིན་ནུག་ཟེར་ཨིན་པས།
དོགས་པ་ཅན་དེ་གིས་ བུམོ་༢ ལུ་ འདོད་སྤྱོད་འབད་བའི་ གློག་བརྙན་ཚུ་བཏོན་ཐོག་ལས་ གཟུགས་ཁར་ དཀྲོག་ཡོདཔ་པའི་ ཉེས་འཛུགས་ ཁས་ལེན་ཡོདཔ་ཨིན་རུང་ ལུས་འབྲེལ་འབད་འབདཝ་མེད་ཟེར་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་གིས་ འབད་བ་ཅིན་ བུམོ་༢ ཀྱིས་ཐོབ་མི་ དྲི་བ་ཚུ་ སློབ་ཕྲུག་གཞན་ཚུ་ལུ་ཡང་ སྤྲོད་ཡོདཔ་བཞིན་དུ་ སློབ་གྲྭའི་དབང་འཛིན་གྱིས་ དོགས་སྣང་ཐོག་ལས་ དབྱེ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་བསྒང་ སློབ་ཕྲུག་༢ ཀྱིས་ དྲི་བ་ཚུ་ ག་དེ་སྦེ་ ཐོབ་ཡོདཔ་ཨིན་ནའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ གནད་དོན་དེ་ ཁྲིམས་འདུན་ལུ་ གཏང་ནིའི་དོན་ལུ་ རྒྱབ་མི་ཚུ་ འཚོལ་བའི་བསྒང་ཡོད་ཟེར་ཨིནམ་ད་ ད་ལྟོ་ཚུན་ དོགས་པ་ཅན་ལུ་ ཉེས་འཛུགས་ཁག་༣ འབད་ བཟོ་སྟེ་ཡོད་མི་ཚུ་ཡང་ ལོག་སྤྱོད་འབད་མི་དང་ ཚུལ་མིན་བཏོན་པ་ དེ་ལས་ བློ་གཏད་མ་ཚུགས་པའི་ བྱ་བ་འབད་མི་ཚུ་ཨིན་པས།
ཨིན་རུང་ རྩོད་གཞི་དེ་ ལོག་སྤྱོད་འབད་མི་ལུ་ར་ གཞི་བཞག་ནི་དང་ གནད་དོན་དེ་ ཉེས་ཆེན་དབྱེ་རིམ་༤ པའི་ནང་ ཚུདཔ་ཨིན་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཅི།
སློབ་གྲྭ་དེ་ནང་ ལཱ་འབད་དེ་ ལོ་༥ ལང་མི་ སློབ་དཔོན་དེ་ ཁོ་ར་རྐྱངམ་གཅིག་སྦེ་ སྡོད་དོ་ཡོདཔ་ད་ ཉམས་རྒུདཔ་ སློབ་ཕྲུག་༢ རང་འཇགས་ཐོག་ སློབ་གྲྭ་ནང་ འགྱོ་དོ་ཡོདཔ་ཨིན་པའི་ གནས་ཚུལ།

No comments:

Post a Comment