གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལྷ་ཡུལ་སྡེ་ཚན་དང་ ཨའིསི་བཱག་སྡེ་ཚན་༢ ཀྱིས་ མཐའ་བཅད་འོག་མའི་ནང་ ལྷོད་ཡོདཔ།

༢༢/༨/༢༠༡༢    ༉ ཁ་ཙ་ ལྕང་གླིང་མི་ཐང་གི་ ལྟག་གི་འབའ་སྐྱོར་ནང་ འབྲུག་ལྷ་ཡུལ་དང་ བུ་ལུ་པ་པི་སྡེ་ཚན་༢ ཀྱིས་ སྐུགས་རེ་རེ་འདྲན་འདྲ་ཆོད་དཔ་ལས་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ པཱེ་ནཱལ་ཊི་ཤུཊ་ཨའུཊ་ཟེར་ མདའ་ཡ་རེ་རྐྱབ་པའི་སྐབས་ལུ་ འབྲུག་ལྷ་ཡུལ་སྡེ་ཚན་གྱིས་ བཀག་རེག་གཅིག་ཐེབས་ཕོག་སྟེ་ རྒྱལ་ཁ་ཐོབ་ཅི།
དེ་ཡང་ འབྲུག་ལྷ་ཡུལ་དང་ བུ་ལུ་པ་པི་ལྟ་བཤལ་དང་ལ་བཤལ་ དེ་ལས་ ལྷུན་གྲུབ་རྩེ་ཆ་རོགས་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྐོར་ཐེངས་༡༥ པའི་ནང་ སྡེ་ཚན་གཉིས་ཀྱིས་ སྐུགས་རེ་རེ་ཆོད་ཡོདཔ་ད་ ལྷུན་གྲུབ་རྩེ་ཆ་རོགས་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ ཆོད་མ་ཚུགསཔ།

ལྷ་ཡུལ་སྡེ་ཚན་གྱིས་ བཀག་རེག་ཕོག་མི་ལུ་ དགའ་ཚོར་སྐྱེད་པའི་བསྒང་།


སྡེ་ཚན་༢ ལས་ མདའ་རྩེདཔ་རེ་རེ་གིས་ མདའ་ཡ་རེ་སྦེ་ དོ་འགྲན་འབད་བའི་སྐབས་ལུ་ འབྲུག་ལྷ་ཡུལ་སྡེ་ཚན་གྱིས་ དང་པ་རྐྱབ་མི་གིས་ སྒོར་ཐིག་ནང་ཕོག་པའི་ཁར་ ཆ་རོགས་ཅིག་གིས་ཡང་ བཀག་རེག་གཅིག་རྐྱབ་ཡོད་རུང་ བུ་ལུ་པ་པཱི་ལས་ རྩེད་འགྲན་འབད་མི་ཚུ་གིས་ དོ་འགྲན་འབད་དེ་ བཀག་རེག་འདྲན་འདྲ་  ཕོག་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས།
ད་རུང་ སྐོར་ཐེངས་གཉིས་པ་རྩེད་འགྲན་འབད་བཅུག་པའི་སྐབས་ འབྲུག་ལྷ་ཡུལ་སྡེ་ཚན་ལས་ རྩེད་འགྲན་པ་ཅིག་གིས་ བཀག་རེག་ཕོག་ཡོད་མི་དེ་ སྡེ་ཚན་གཞན་མི་གིས་ དོ་འགྲན་འབད་མ་ཚུགསཔ་ལས་ འབྲུག་ལྷ་ཡུལ་སྡེ་ཚན་དེ་ མཐའ་བཅད་འོག་མའི་ནང་ལྷོད་ཅི།
དེ་བཟུམ་སྦེ་ འོག་གི་འབའ་སྐྱོར་ནང་ ཨའིསི་བཱག་དང་ བཀའ་སྲུང་ དེ་ལས་ བཛྲ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ སྐོར་ཐེངས་༡༥ འི་ནང་ སྡེ་ཚན་༣ ཆ་ར་གིས་ སྐུགས་རེ་རེ་ཆོད་དཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ པཱེ་ནཱལ་ཊི་ཤུཊ་ཨའུཊ་འབད་བའི་སྐབས་ ཨའིསི་བཱག་སྡེ་ཚན་ལས་ རྩེད་འགྲན་འབད་མི་༢ ཀྱིས་ བཀག་རེག་གཅིག་དང་ སྒོར་ཐིག་གུ་གཅིག་ཕོག་ཡོད་རུང་ བཀའ་སྲུང་སྡེ་ཚན་ལས་ བཀག་རེག་གཅིག་དང་ ས་བཀག་རེག་༡ དེ་ལས་ གཞན་མི་སྡེ་ཚན་གྱིས་ བཀག་རེག་གཅིག་ཡང་ ཕོག་མ་ཚུགསཔ་ལས་ ཨའིསི་བཱག་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན།
ད་རིས་ཀྱི་རྩེད་འགྲན་ནང་ ལྟག་གི་འབའ་སྐྱོར་ནང་ ཊེ་ཤར་བེསི་དང་ ཏག་ཏོག་བཀག་རེག་ དེ་ལས་ བསོད་ནམས་ཨོ་ཊོ་སྡེ་ཚན་༣ དང་ འོག་གི་འབའ་སྐྱོར་ནང་ རྒྱལ་ཡོངས་དགའ་སྐྱིད་དང་ ཕོསི་ཊར་ དེ་ལས་ བཟོ་རིག་ཀཱན་སཱལ་ཊཱེན་སི་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment