གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༢༠/༨/༢༠༡༢   ༉ སང་ཕོད་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ སྐྱེས་ལོ་༣༤ ལང་མི་ པདྨ་དབང་ཕྱུག་གིས་ ཁོ་རའི་ཡིག་ཚང་ནང་ལས་ དགོངས་ཞུ་འབད་ཐོག་ལས་ ཨཱསི་ཊེ་ལི་ཡ་ལུ་ ཁྲིམས་དོན་གྱི་བྱ་སྒོ་ཚུ་ལྷབ་པར་ སོང་ཡོདཔ་ཨིན་པས།


ད་ལྟོ་ཁོ་གིས་ ཁྲིམས་ཀྱི་ཤེས་ཡོན་ནང་ མཱསི་ཊརསི་ཤེས་ཡོན་ཐོབ་སྟེ་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ད་ སང་ཕོད་ཀྱི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ ས་གནས་ཀྱི་གནས་རིམ་ནང་ ཕྱག་ཞུ་ནིའི་མནོ་བསམ་ཡོད་མི་དང་འཁྲིལ་ པདྨ་དགའ་ཚལ་ ན་ནོང་རྒེད་འོག་གི་ རྒྱལ་ཡོངས་ཚོགས་སྡེའི་མི་ངོམ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ཨ་ལུ་༣ གྱི་ ཨ་པ་གིས་འབད་བ་ཅིན་ མི་སེར་ཚུ་ལུ་ ཕྱག་ཞུ་ནིའི་དོན་ལུ་ དེ་བཟུམ་གྱི་ལཱ་གཡོག་དེ་ ཁག་ཆེ་ནི་དང་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཟེརཝ་ད་ གཙོ་བོ་ར་ མི་སེར་ཚུ་གིས་ ཡིད་ཆེས་བསྐྱེད་ཚུགས་དགོཔ་དེ་ ཨིན་མས་ཟེར་སླབ་ཨིན་པས།
ཁོ་ར་ སྤྱི་མི་བགྲེསཔ་ཅིག་གི་བུ་ཨིན་པའི་ཁར་ ཁོ་ལུ་ ནང་མི་བཟའ་ཚང་གི་ཁ་ཐུག་ལས་ཡང་ རྒྱབ་སྐྱོར་ཚུ་ སྦོམ་སྦེ་ར་ ཡོདཔ་ཨིན་པས།
འཛིན་སྐྱོང་དང་ ངན་ལྷད་ཀྱི་ཤེས་ཡོན་ནང་ མཐོ་རིམ་གོང་མའི་ཤེས་ཚད་ཡོད་མི་ པདྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ སའི་ཆགས་ཚུལ་དང་ འཕྲུལ་རིག་ ཌི་ཇི་ཊཱལ་ཚུ་ ལངམ་མེད་པའི་ དཀའ་ངལ་ཡོདཔ་ད་ དེ་ཁར་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ འགན་ཁུར་སྦོམ་ འབག་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ གལ་སྲིད་ཁོ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ཁོ་གིས་ སྤྱི་ཚོགས་ཀྱིས་ ཆ་འཇོག་གནང་མི་ཁྲིམས་ལུགས་ཚུ་ རྫོང་ཁའི་ནང་ སྐད་བསྒྱུར་འབད་ཐོག་ལས་ གཡུས་མི་ཚུ་གིས་ཡང་ ཧ་གོ་ཚུགསཔ་བཟོ་ནི་ཨིན་ཟེར་ཨིན་པས།
ཁྲིམས་ལུགས་ཚུ་ རྫོང་ཁའི་ནང་ སྐད་བསྒྱུར་འབད་དེ་ མི་སེར་ག་ར་གིས་ ཧ་གོཝ་བཟོ་དགོ་མིའི་ དམིགས་དོན་གཙོ་བོ་དེ་ མི་སེར་གྱིས་ ཁྲིམས་ལུགས་ཧ་གོ་མ་ཚུགས་པ་ཅིན་ དེ་གིས་ ཕན་ཐོགས་བྱུང་མི་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་ བཙག་འཐུའི་སྐུལ་བསྒྲགས་ཚུ་ཡང་ མི་སེར་ཚུ་གི་ གྲོས་སྟོན་འབད་མི་ཚུ་ ཕུད་རྡོག་གཅིག་ར་ སྣང་མེད་སྦེ་བཤོལ་མ་བཞག་པར་ དེ་ཚུ་ལུ་གཙོ་རིམ་བཟུང་་ཐོག་ལས་ འགོ་འདྲེན་འཐབ་ནི་དང་ ཁས་བླངས་གསལ་བསྒྲགས་ཚུ་ཡང་ ཁྲིམས་དེབ་ཚུ་ལུ་གཞི་བཞག་སྟེ་ འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ ཁོ་བཙག་འཐུ་གྲུབ་སོཔ་འདྲཝ་ཅིག་འབད་བ་ཅིན་ ད་རེས་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ཡིག་ཚང་དེ་ ཐིམ་ཕུ་ལུ་ གཞི་བཙུགས་འབད་ཐོག་ལས་ ལཱ་འབད་ནི་མེན་པར་ ཡིག་ཚང་ཚུ་ རྫོང་ཁག་རེ་རེ་བཞིན་དུའི་ནང་ བཙུགས་དགོཔ་ད་ རྫོང་ཁག་ནང་ མི་མང་སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་གཞི་བཙུགས་འབད་ནི་ཚུ་ གྲོས་གཞི་ཚུ་གི་གྲས་ལས་ གཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ འཕྲལ་མགྱོགས་ར་ པདྨ་དགའ་ཚལ་གྱི་ ད་ལྟོ་ཡོད་པའི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་དང་གཅིག་ཁར་འཕྱད་དེ་ ངོ་ཤེསཔ་ བཟོ་དགོཔ་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ ཁོ་གིས་ ཁོ་རའི་གནས་ཚང་དང་ ཨ་ལུ་ཚུ་ སློབ་གྲྭ་དང་ ཡིག་ཚང་ནང་ བསྐྱལ་ནི་དང་ ལེན་ནི་ དེ་ལས་ ཁྱིམ་ནང་ འཕྱག་བདར་རྐྱབ་ནི་ ལྟོ་འབད་ནིའི་ལཱ་ཚུ་ ཡོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིནམ་ལས་ དེ་གི་དོན་ལུ་ གྲ་སྒྲིག་འབད་དེ་སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment