གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚེ་དབང་རྡོ་རྗེ་གིས་ མདའ་རྩེདཔ་དྲག་ཤོས་ཀྱི་ མིང་གཏམ་ཐོབ་ཡོདཔ།

༢༠/༨/༢༠༡༢   ༉ ཁ་ཙ་ ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་ གཡང་འཕེལ་མདའ་རྩེདཔ་དྲག་ཤོས་ཀྱི་དོན་ལུ་ རྫོང་ཁག་༢༠ ནང་ རྩེད་འགྲན་འབད་མི་ལས་ བཀག་རེག་མཐོ་ཤོས་ཕོག་མི་ དྲག་ཤོས་༡༥ གི་བར་ན་ རྩེད་འགྲན་འབདཝ་ད་ དཔལ་ལྡན་ཚོང་ལས་སྡེ་ཚན་ལས་ ཚེ་དབང་རྡོ་རྗེ་གིས་ དུས་ཅི་གི་ མདའ་རྩེདཔ་དྲག་ཤོས་ཀྱི་ མིང་གཏམ་ཐོབ་ཅི།
ཚེ་དབང་རྡོ་རྗེ།


ཚེ་དབང་རྡོ་རྗེ་གིས་ སྐོར་ཐེངས་༡༥ ནང་ བཀག་རེག་༡༨ རྐྱབ་སྟེ་ གསོལ་རས་དངུལ་ཀྲམ་༢༠༠,༠༠༠ ཐོབ་ཡོདཔ་ཨིན་པས།
ཨང་༢ པ་དེ་ བུ་ལུ་པོ་པི་ལྟ་བཤལ་དང་ ལ་བཤལ་སྡེ་ཚན་ལས་ འཇིགས་མེད་ནོར་བུ་གིས་ བཀག་རེག་༡༣ རྐྱབ་ཡོདཔ་ད་ ཨང་༣ པ་དེ་ དཔལ་ལྡན་ཚོང་ལས་སྡེ་ཚན་ལས་ ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ བཀག་རེག་༡༡ ཕོག་ཡོདཔ་ཨིན།
ཨང་༢ པའི་གསོལ་རས་དེ་ དངུལ་ཀྲམ་༥༠,༠༠༠ ཨང་༣ པ་ལུ་ དངུལ་ཀྲམ་༡༥,༠༠༠ བྱིན་ནི་ཨིན་པས།
སྤྱི་ལོ་༢༠༡༡ གི་མདའ་རྩེདཔ་དྲག་ཤོས་ དཔལ་ལྡན་ཚོང་ལས་སྡེ་ཚན་ལས་ ཚེ་རིང་རྒྱལ་མཚན་གྱིས་ གསོལ་རས་ མ་རུ་ཏི་སུ་ཛུ་ཀི་ ཨེ་ཨིསི་ཊར་ཅིག་ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ཀྱི་ གཡང་འཕེལ་མདའ་རྩེད་དེ་  ཀོ་ཊར་ཕའི་ནཱལ་ནང་ ལྷོད་ཡོདཔ་བཞིན་དུ་ སྡེ་ཚན་༢༧ གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ད་རིས་ གཡུས་རྒྱལ་དང་ དཀར་སྦྱིས་རོང་ཆུ་ དེ་ལས་ ཌའི་གཱོན་ རུཊསི་སྡེ་ཚན་༣ དང་ འོག་གི་འབའ་སྐྱོར་ནང་ དཔལ་ལྡན་ཚོང་ལས་དང་ ཌོག་ཊར་སྟོབས་རྒྱས་སློབ་གྲྭ་ དེ་ལས་ ན་གཞོན་ཤེས་རིག་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
དེ་བཟུམ་སྦེ་ ནངས་པ་ བཛྲ་དང་ བཀའ་སྲུང་ ཨའིསི་བཱར་འབྲུག་ལྷ་ཡུལ་བཟོ་སྐྲུན་ བུ་ལུ་པོ་པི་ལྟ་བཤལ་དང་ལ་བཤལ་ དེ་ལས་ ལྷུན་གྲུབ་རྩེ་ཆ་རོགས་སྡེ་ཚན་ཚུ་གི་བར་ན་ དོ་འགྲན་འབད་ནི་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༥ རེས་གཟའ་ཉི་མ་དང་ ཟླ་བ་ལུ་ མཐའ་བཅད་འོག་མ་རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment