གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟམ་འཕྱགས་བདའ་མི་གིས་ སློབ་ཕྲུག་ཚུ་ ལྟོ་ཐོབ་ཀྱི་ཐབས་ལམ།

སེངྒེ་རྣམ་རྒྱལ་མི་སྡེ་སློབ་གྲྭའི་མཐོང་སྣང་།
 ༢༨/༠༨/༢༠༡༢། ༉ སྐྱེས་ལོ་༨ ལང་མི་ ཨ་ཐང་རྒེད་འོག་ སེངྒེ་རྣམ་རྒྱལ་མི་སྡེ་སློབ་གྲྭ་ཆུང་བའི་ སློབ་ཕྲུག་སྤེན་པ་དེ་ ཨ་རྟག་ར་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ ལོང་སྟེ་ གདོང་ཆུ་འཁྱུ་ཞིནམ་ལས་ སློབ་གྲྭ་ནང་འགྱོ་ནི་ འགོ་བཙུགསཔ་ཨིན་པས།ཁོ་གིས་ ཁོ་རའི་གཡུས་ ལ་ཝ་ཟེར་ས་ལས་ དུས་ཡུན་ཆུ་ཚོད་ཕྱེད་དང་༣ དེ་ཅིག་གི་རིང་ འགྲོ་འགྲུལ་འབད་བའི་ཤུལ་ལས་ དྲོ་པའི་དྲོ་མཛར་གྱི་དོན་ལུ་ སྒུག་སྡོད་མི་ ཁོ་རའི་ཆ་རོགས་ཚུ་དང་ ཕྱད་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་ དྲོ་པའི་དྲོ་མཛར་དང་ ཉི་མའི་བཞེས་སྒོ་རྩིས་ཏེ་ དུས་ཕོག་༢ པོ་དེ་ སློབ་གྲྭ་ནང་ལས་ ཐོབ་དོ་ཡོད་རུང་ ཕྱི་རུ་ཨ་རྟག་ར་ རྐང་སྟོང་སྦེ་ལམ་འགྲུལ་འབད་དེ་ ལོག་ཁྱིམ་ནང་ འགྱོཝ་ཡོདཔ་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ སློབ་གྲྭའི་དབང་འཛིན་ཚུ་གིས་ ལ་ཝ་དང་ ལམ་སྒང་གཡུས་ཚན་ནང་ལས་ཨིན་མི་ སློབ་ཕྲུག་ཚུ་ རང་སོའི་ཁྱིམ་ནང་ ལོག་འགྱོ་ནི་ལས་བཀག་ཆ་འབད་དེ་ ཕྱི་རུ་ཡང་ གནས་སྐབས་ཀྱི་ལྟོ་ཐོབ་སྦེ་ སློབ་ཕྲུག་གི་ཕམ་ཚུ་ལས་ ཐབ་ཤིང་དང་ ཕྱི་རུའི་བཞེས་སྒོ་གི་དོན་ལུ་ ཆུམ་བཀྲམ་སྤེལ་འབད་ཐོག་ལས་ ཞག་སློབ་གྲྭ་ནང་སྡོད་བཅུག་མི་དེ་ཡང་ ཁོང་གཡུས་ཁར་འགྱོ་སའི་ལམ་བར་གྱི་ ཉེར་ཆུ་ཟེར་སའི་ ཤིང་ཟམ་ཅིག་ཡོད་མི་དེ་ ཆུ་རུད་ཀྱིས་འཕྱགས་བདའ་མི་ལུ་བརྟེན་ཨིན་པས།
དེ་འབདཝ་ད་ སློབ་གྲྭའི་ཉེ་འདབས་ལུ་སྡོད་མི་དང་ ཆུ་དེ་ལས་ ཉེན་ཁ་མེད་པའི་ ས་གནས་སོ་སོ་ཚུ་ནང་ལས་ཨིན་མི་སློབ་ཕྲུག་ཚུ་ ཕྱི་རུ་རང་སོའི་ཁྱིམ་ནང་ འགྱོ་དོ་ཡོདཔ་ཨིན་པས།
སློབ་གྲྭའི་དབང་འཛིན་པ་དང་ སློབ་གྲྭའི་ཕམ་ཚུ་གིས་འབད་བ་ཅིན་ གཡུས་ཚན་དེ་ཚུ་ནང་ལས་ཨིན་མི་ སློབ་ཕྲུག་ཨ་ལུ་ཚུ་ ད་ལྟོ་ ཟམ་མེད་པའི་དཀའ་ངལ་ཡོདཔ་མ་ཚད་ སྤྱིར་བཏང་ སློབ་གྲྭ་ནང་འགྱོ་ནི་ལུ་ཡང་ ལམ་རིང་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ཡོད་ཟེར་ཨིན་པས།
སློབ་གྲྭ་དེ་ནང་ དཔེ་ཆ་ལྷབ་མི་ ལ་ཝ་དང་ ལམ་སྒང་གཡུས་ཚན་ནང་ལས་ བསྡོམས་ཀྱིས་ སློབ་ཕྲུག་༣༤ ཡོདཔ་ཨིན་པས།

སློབ་ཕྲུག་ཚུ་ལུ་ ཉིན་མའི་ལྟོ་ བྱིན་པའི་བསྒང་།

སློབ་གྲྭའི་དབུ་འཛིན་ ཡེ་ཤེས་རྒྱ་མཚོ་གིས་ སླབ་མིའི་ནང་ ལམ་སྒང་གཡུས་ཚན་ནང་ལས་ཨིན་མི་ སློབ་ཕྲུག་ཨ་ལུ་ཚུ་ དྲོ་པ་དང་ཕྱི་རུ་ ཨ་རྟག་ར་ དུས་ཡུན་ཆུ་ཚོད་༣ དེ་རེ་ ལམ་འགྱོ་དགོ་པའི་ཁར་ ལ་ཝ་དང་ རུ་ཁ་གཡུས་ཚན་ནང་ལས་ འབད་མི་སློབ་ཕྲུག་ཚུ་ དུས་ཡུན་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ ལམ་འགྱོ་དགོ་ཟེར་ཨིན་པས།
སློབ་གྲྭ་འདི་གི་དོན་ལུ་ ས་གནས་ཚུ་ནང་ལས་ཨིན་མི་ སློབ་ཕྲུག་ཚུ་དང་ རྩི་རང་རྫོང་ཁག་ པ་ཏ་ལི་རྒེད་འོག་གི་ ས་གནས་ཁག་དག་པ་ཅིག་དང་ ཨ་ཐང་རྒེད་འོག་ ན་ཞིང་ནང་གཡུས་ཚན་ཚུ་ནང་གི་ སློབ་ཕྲུག་ཚུ་ལུ་ ཕྱི་རུའི་ལྟོ་ཐོབ་ཀྱི་དོན་ལུ་ གཞུང་ལས་འཐུས་ཚུ་ དགོཔ་ངེས་པར་དུ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ ན་ཞིང་ནང་གཡུས་ཚན་ལས་ སློབ་གྲྭ་དེ་ནང་ སློབ་ཕྲུག་༦ དང་ པ་ཏ་ལི་རྒེད་འོག་ནང་ལས་ སློབ་ཕྲུག་༡༢ ཡོད་ཟེར་ཨིན་པས།
སློབ་གྲྭ་ནང་ལུ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ སྤྱི་ལོ་༢༠༡༠ ལུ་ རྐྱབ་ཡོད་མི་ སློབ་ཕྲུག་༡༤༠ དེ་ཅིག་ཤོང་མི་ ཉལ་ཁྱིམ་༢ དང་ གདན་མལ་ཆ་ཚུ་ ཡོདཔ་ཨིན་པས།
དབུ་འཛིན་ཡེ་ཤེས་རྒྱ་མཚོ་གིས་ བཤད་མིའི་ནང་ འཛམ་གླིང་ཟ་སྤྱོད་ལས་རིམ་གྱིས་ བཞེས་སྒོའི་རྒྱབ་སྐྱོར་འབད་མི་དེ་གིས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་སློབ་སྦྱོང་འབད་བར་འོང་མི་ཚུ་ ཆད་ལུས་མི་མངམ་མི་ཐོན་ནིའི་ ཕན་ཐོགས་སྦོམ་བྱུང་ཡོད་རུང་ ཕྱི་རུའི་ལྟོ་ཐོབ་མི་མང་སུ་བཞག་ཐབས་ལུ་ གཞུང་ལུ་ སྙན་ཞུ་འབད་བའི་སྐབས་ སང་ཕོད་ལས་ གནང་ཚུགས་པའི་ཁ་བཟེད་ནི་དེ་གིས་ བློ་བདེ་སྟེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

No comments:

Post a Comment