གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བརྒྱ་ཆ་༤༤.༩ གིས་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ།

༢༥/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ སྔོན་འགྲོའི་ཆོས་རྒྱུགས་ལེན་ཡོདཔ་བཞིན་དུ་ དེ་གི་གྲུབ་འབྲས་ཚུ་ ཁ་ཙ་ གསལ་སྟོན་འབད་ནུག།


གྲུབ་འབྲས་དང་འཁྲིལཝ་ད་ ཆོས་རྒྱུགས་དེ་གི་དོན་ལུ་ སློབ་ཕྲུག་༢,༦༢༣ གྱིས་ ཐོ་བཀོད་འབད་ཡོདཔ་ཨིན་རུང་ སློབ་ཕྲུག་༢,༣༩༧ གྱིས་མ་གཏོགས་ བཅའ་མར་མ་གཏོགསཔ་ཨིན་པས།
དེ་གི་གྲས་ལས་ སློབ་ཕྲུག་༡,༠༧༨ ཀྱིས་ སྐུགས་ཚད་ བརྒྱ་ཆ་༥༣ རེ་ཐོབ་སྟེ་ མཐར་འཁྱོལ་བྱུང་ཡོད་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་༤༤.༩ ཨིན་པས།
ཆོས་རྒྱུགས་ནང་ལས་ བཅའ་མར་གཏོགས་མི་ཚུ་ ཡོངས་བསྡོམས་ལས་ བརྒྱ་ཆ་༥༥ གིས་ སྐུགས་བརྒྱ་ཆ་༥༥ ལས་ མཐོཝ་སྦེ་ ཐོབ་ཡོདཔ་ད་ བརྒྱ་ཆ་༤༥ གིས་ སྐུགས་བརྒྱ་ཆ་༥༠ ལས་ལྷག་སྟེ་ མ་ཐོབ་པས།
སྔོན་འགྲོའི་ཆོས་རྒྱུགས་དེ་ཡང་ རྫོང་ཁ་དང་ སྤྱིར་བཏང་ དེ་ལས་ འཕྲུལ་རིག་འབདཝ་ད་ དབྱེ་ཁག་༣ གྱི་སྒོ་ལས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ རྫོང་ཁའི་དབྱེ་རིམ་ནང་ལས་ སློབ་ཕྲུག་བརྒྱ་ཆ་༡༤ གིས་ སྐུགས་བརྒྱ་ཆ་༥༠ ལས་མངམ་སྦེ་ ཐོབ་ཡོདཔ་ད་ སྐུགས་བརྒྱ་ཆ་༥༠ ལས་ལྷག་སྟེ་ ཐོབ་མ་ཚུགས་མི་ སློབ་ཕྲུག་བརྒྱ་ཆ་༨༦ ཡོདཔ་ཨིན་པས།
སྤྱིར་བཏང་དབྱེ་རིམ་ནང་ལས་ སྐུགས་བརྒྱ་ཆ་༥༠ ལས་ ཉུངམ་སྦེ་ཐོབ་མི་ སློབ་ཕྲུག་བརྒྱ་ཆ་༤༩ དང་ བརྒྱ་ཆ་༥༡ གིས་ སྐུགས་བརྒྱ་ཆ་༥༠ ལས་ལྷག་སྟེ་ཐོབ་ཡོདཔ་སྦེ་ སྙན་ཞུའི་ནང་ བཀོད་ནུག།
དེ་བཟུམ་སྦེ་ འཕྲུལ་རིག་དབྱེ་རིམ་གྱི་དོན་ལུ་ ཆོས་རྒྱུགས་རྐྱབ་མི་ཚུ་གི་གྲས་ལས་ བརྒྱ་ཆ་༣༡ གིས་ སྐུགས་བརྒྱ་ཆ་༥༠ འི་འོག་རྒྱུ་དང་ གཞན་མི་ བརྒྱ་ཆ་༦༩ གིས་ སྐུགས་བརྒྱ་ཆ་༥༠ ལས་ ལྷག་སྟེ་ཐོབ་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཟླ་༡༠ པའི་ཚེས་༡༢ ལས་༡༤ ལུ་ ཞི་གཡོག་གི་ཆོས་རྒྱུགས་ངོ་མའི་ འབྲི་རྒྱུགས་དང་ ཚེས་༢༢ ལས་༣༡ ཚུན་ ངག་རྒྱུགས་ལེན་ཐོག་ལས་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྟོན་འབད་ནི་ཨིན་པས།
ཨིན་རུང་ ཀུན་གསལ་གྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ སོང་ཡོད་རུང་ འགོ་དཔོན་ཚུ་དང་ ཕྱད་མ་ཚུགས་ནི་དེ་གིས་ དབྱེ་རིམ་རེའི་ནང་ སློབ་ཕྲུག་ག་དེ་རེ་གིས་ བཅའ་མར་གཏོགས་ཡོདཔ་ ཨིན་ནའི་སྐོར་ལས་ ཁ་གསལ་གྱི་ བརྡ་དོན་ཐོབ་མ་ཚུགས།
ན་ཧིང་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་ མཐར་འཁྱོལ་སྐུགས་ཚད་དེ་ བརྒྱ་ཆ་༥༤ ཨིན་རུང་ དུས་ཅི་ བརྒྱ་ཆ་༥༣ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
དུས་ཅི་གི་ སྔོན་འགྲོའི་ཆོས་རྒྱུགས་དེ་ ཐེངས་༣ པ་ཨིནམ་ད་ ན་ཧིང་གི་ སྔོན་འགྲོའི་ཆོས་རྒྱུགས་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སློབ་ཕྲུག་༡,༨༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment