གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་གཙང་ཆུ་གློག་མེའི་ ཆུ་དུང་འགོ་འབྱེད།

༢༣/༨/༢༠༡༢   ༉ ཁ་ཉིནམ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ བྱག་སྟུག་ཚད་མི་ཊར་༢ འབད་མི་ འགས་མི་རྟེན་འབྲེལ་འགོ་འབྱེད་འབད་མི་དེ་གིས་ རིང་ཚད་ཀི་ལོ་མི་ཊར་༨.༩ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་དང་པའི་ ཆུ་དུང་གི་ལཱ་ངོ་མའི་ གྲུབ་འབྲས་བཏོན་པའི་རྟགས་ཚན་ཐོན་ཡོདཔ་ད་ ཆུ་དུང་དེ་ ཆུ་བྱག་ལས་ གློག་མེ་འཕྲུལ་ཨམ་ནང་ ཆུ་བཏང་ནི་ཨིན་པས།

སྤྱི་ཟླ་༨ པའི་ཚེས་༢༡ ལུ་ བྱག་ཧྲིལ་བུམ་སྦེ་ཡོད་པའི་ ས་གོ་མི་ཊར་༢ རྡོ་རྫས་བཀལ་ཐོག་ལས་ ས་དོང་བཏོན་མི་དེ་རྩིསཝ་ད་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་༡ པའི་ ས་དོང་ཀི་ལོ་མི་ཊར་༨.༩ འབད་མི་དེ་ བཏོན་ཚར་ཡོདཔ་ཨིན་མས།

ས་འོག་ལས་ ད་ལྟོ་སེལ་བའི་བསྒང་ཡོད་མི་ ཆུ་དུང་དེ་ རིང་ཚད་ ཀི་ལོ་མི་ཊར་༨.༩ ལས་ ཀི་ལོ་མི་ཊར་༧.༥ དེ་ གེ་མོན་ཟེར་མི་ ག་རྒྱར་བཟོ་སྐྲུན་ལས་སྡེ་གིས་བསལ་ཡོདཔ་ད་ ཀི་ལོ་མི་ཊར་༡.༥ དེ་ ཨེན་སི་སི་ཟེར་མི་ལས་སྡེ་གིས་བསལ་བའི་སྐབས་ ལཱ་དེ་ཁ་ཉིནམ་ བྱག་འགས་ས་ལྷོདཔ་ད་ ལཱ་འཕྲོ་མཐུད་དེ་དོང་སྤེད་ཚུགས་ཡོདཔ་ད་ ཆུ་དུང་གི་ལཱ་དེ་ ཆུ་བྱག་དང་ གློག་མེ་འཕྲུལ་ཨམ་༢ ཆ་ར་ནང་ལས་འགོ་བཙུགས་ཡོདཔ་ཨིན་པས།
ཆུ་དུང་གི་ མཐོ་ཚད་མི་ཊར་༡༡ ལས་ ད་ལྟོའི་མི་ཊར་༧ གྱི་ ལཱ་ཚུ་མཇུག་བསྡུ་ཡོདཔ་ད་ ལྷག་ལུས་ མི་ཊར་༤ གི་ལཱ་དེ་ ས་འོག་ལས་མར་ བསལ་ནི་ཨིནམ་ལས་ ད་ལྟོ་བཟུམ་གྱི་ཉེན་ཁ་ཚུ་མེད་པའི་ཁར་ ལཱ་གི་གྲུབ་འབྲས་ཡང་ མགྱོགས་པ་བཏོན་ཚུགས་ནི་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཁ་ཛན་ཅི་གིས་ ཀུན་གསལ་ལུ་སླབ་མིའི་ནང་ བྱག་གས་མི་དེ་གིས་ ས་དོང་རྐོ་མི་དང་ འབྲེལ་བའི་ཉེན་ཁ་ལས་ ཐལ་ཚུགས་ཅི་ཟེར་ཨིནམ་ད་ དེ་ཡང་ དོང་སྤེད་པའི་སྐབས་ རུད་ཆད་ནི་དང་ ཆུ་འཐོན་ནི་ དེ་ལས་ རྡོ་བུད་འོང་ནི་དང་འབྲེལ་བའི་ ཉེན་ཅན་གྱི་དཀའ་ངལ་དང་འབྲེལ་བའི་ རྟགས་མཚན་ཨིནམ་ལས་ ད་ལས་ཕར་ དེ་ཚུ་གི་ཚ་གྱང་ལང་མ་དགོ་པར་ ལཱ་ཚུ་ཞིབ་ཞིབ་སྦེ་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལཱ་ངོ་མ་ར་ ཆུ་དུང་སྒྲིང་སྒྲིང་གནས་ཐབས་ལུ་ ལྕགས་བཙུགས་ཏེ་ རྩི་ས་གཏང་ནི་ཨིནམ་ལས་ དལཱ་དེ་ དོང་བརྐོ་ནི་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་འཇམ་ཟེར་ཨིན་པས།
ད་ཚུན་གྱི་ ལཱ་འབད་མི་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡,༥༠༠ གནས་ཡོདཔ་ད་ ལཱ་གི་གྲུབ་འབྲས་དེ་ ལཱ་རྩིས་སྤྲོད་ནིའི་དུས་ཚོད་ལས་ ལོ་༢ ཀྱི་ཧེ་མར་ གྲུབ་ཚུགས་ནི་དེ་གིས་ ངལ་རངས་བྱུང་ཡི་ཟེར་ཨིན་པས།
ཆུ་བྱག་ལས་ ཆུ་དུང་གི་ཐོག་ལུ་ ཀིའུ་བིག་མི་ཊར་༤༠༠ བཏང་མི་དེ་གིས་ གློག་མེ་ཤུགས་ཚད་ མེ་ག་ཝཱཊ་༡,༢༠༠ ཐོན་ཚུགས་ནི་ཨིནམ་ད་ འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ གློག་མེའི་ལཱ་དེ་ གངས་ལྗོངས་ཀྱི་རྒྱལ་ཁབ་ནང་ཨིན་རུང་ ལཱ་གི་གྲུབ་འབྲས་དེ་ མཇུག་བསྡུ་བའི་དུས་ཚོད་ལས་ ཟླ་ངོ་༡ གི་ཧེ་མར་འགྲུབ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ད་རེས་ ལཱ་གི་གནས་སྟངས་ལུ་བལྟ་བ་ཅིན་ ཆུ་བྱག་གི་ལཱ་ བརྒྱ་ཆ་༣༥ འབད་ཚར་ཡོདཔ་ད་ ཆུ་དུང་དང་ གློག་མེ་འཕྲུལ་ཁང་ཨམ་གྱི་ལཱ་ བརྒྱ་ཆ་༦༠ དེ་ཅིག་ མཇུག་བསྡུ་ཡི་ཟེར་ཨིན་པས།
བྱག་དོང་བཏོན་ནིའི་འགོ་འབྱེད་རྟེན་འབྲེལ་ནང་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་བྱོན་ཡོདཔ་ད་ དྲོ་པ་ བློན་པོ་མཆོག་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་༢ པའི་ ཆུ་དུང་འགོ་བཙུགས་ནིའི་དོན་ལུ་ ཆུ་དུང་སེལ་སའི་ས་གོ་༢ ལུ་ རྫས་བམ་བཀལ་ཡོདཔ་ད་ དེའི་རྟགས་མཚན་དེ་ ལས་འགུལ་གོ་རིམ་༢ པའི་ཆུ་དུང་གི་ལཱ་འགོ་བཙུགས་ནི་ཨིནམ་ལས་ ཆུ་དུང་བསལ་ནིའི་ལཱ་དེ་ ཁག་༣ ལས་ འགོ་བཙུགས་ནི་ཨིན་རུང་ ད་ལྟོ་ ཁག་༢ ལས་འགོ་བཙུགས་པའི་བསྒང་ཡོདཔ་ཨིན་པས།
གོ་རིམ་༢ པའི་ཆུ་དུང་ ཀི་ལོ་མི་ཊར་༨.༦ ལས་ ཆུ་བཏང་མི་དེ་གིས་ གློག་མེ་ཤུགས་ཚད་ མེ་ག་ཝཱཊ་༡,༠༢༠ ཐོན་སྐྱེད་འབད་ཚུགས་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment