གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ཨུ་ར་ལུ་ ཤ་མུ་གི་དུས་སྟོན་ འགོ་བཙུགས།

༢༥/༨/༢༠༡༢   ༉ བུམ་ཐང་ཨུ་ར་ལུ་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་མི་ ཤ་མུ་གི་དུས་སྟོན་དེ་ ཁ་ཙ་ལས་ འགོ་བཙུགས་ཡོད་མིའི་ནང་ ཨུ་ར་རྒེད་འོག་གི་ མི་སེར་ཚུ་གིས་ རང་སོ་གཡུས་ཁའི་ བཞེས་སྒོའི་རིགས་དང་ གཞན་ཟ་འཐུང་གི་རིགས་ཚུ་ འགྲེམ་སྟོན་འབད་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ ཤ་མུ་མེར་སྲེག་པའི་བསྒང་།
སྐུ་མགྲོན་ཚུ་ལུ་ ཤ་མུའི་ཁུ་བ་དྲང་པའི་བསྒང་།


ཁྲོམ་ཤིང་ལ་རྒྱལ་ཡོངས་གླིང་ཁ་གི་ པདྨ་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་སྟོན་དེ་ གཙོ་བོ་ར་ རྒེད་འོག་གི་ མི་སེར་ཚུ་གིས་ རང་སོའི་ཐོན་སྐྱེད་ཚུ་ འགྲེམ་སྟོན་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དང་འབྲེལ་ སྐུ་མགྲོན་དང་བཅའ་མར་གཏོགས་མི་ཚུ་གིས་ འཐུས་དུམ་གྲ་རེ་སྤྲོད་ཐོག་ལས་ ཁྲོམ་ཤིང་ལ་རྒྱལ་ཡོངས་གླིང་ཁ་གིས་ ངོས་འཛིན་འབད་ཡོད་མི་ ས་གནས་ཚུ་ནང་ལས་ ཤ་མུ་སྤོག་ནི་གི་ ལས་རིམ་ཡང་ཡོད་ཟེར་ཨིན་པས།
ལས་རིམ་ནང་སྐུ་མགྲོན་སྦེ་བྱོན་མི་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ དུས་སྟོན་དེ་གིས་ གཙོ་བོ་ར་ ས་གནས་ཀྱི་མི་སེར་ཚུ་གིས་ གླིང་ཁ་དེ་ཡང་ རང་གི་བཟུམ་སྦེ་དབྱེ་བ་མེད་པའི་ཐོག་ལས་ བདག་འཛིན་འབད་དེ་ རི་དྭགས་སེམས་ཅན་ཚུ་ སྲུང་སྐྱོབ་འབད་ཐབས་དང་ སྤྲོ་བ་ལེན་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ལས་རིམ་དེ་གིས་ རྒེད་འོག་ནང་ལས་ཐོན་མིའི་ཐོན་སྐྱེད་ཚུ་ འགྲེམ་སྟོན་འབད་ནི་རྐྱངམ་གཅིག་མིན་པར་ ཤ་མུ་འཛིན་སྐྱོང་དང་ རྒྱུན་སྐྱོང་གི་སྐོར་ལས་ཡང་ ཤེས་དགོཔ་ཁག་ཆེ་ཟེར་བློན་པོ་གིས་གསུངསམ་ཨིན་པས།
ལས་རིམ་ནང་ རྒྱལ་ཡོངས་ཤ་མུ་འཛུགས་སྐྱོང་ལྟེ་བའི་ ལས་བྱེདཔ་ཚུ་གིས་ ཨུ་ར་གི་ས་གནས་ཚུ་ནང་ལས་ ཤ་མུ་གི་རིགས་༤༥ དེ་ཅིག་ བསྡུ་བསྒྱོམ་འབད་ཡོད་མི་ཚུ་ མི་མང་ལུ་འགྲེམས་སྟོན་འབད་ཡོདཔ་ད་ མ་འོངས་པའི་ནང་ རྒེད་འོག་ནང་ ཞིང་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནི་གི་ལཱ་ཚུ་ནང་ གཙོ་རིམ་བཏོན་འོང་ཟེར་བཤད་ཅི།
འགྲེམས་སྟོན་ནང་ བུམ་ཐངཔ་གི་ཁུར་ལེབ་ པུ་ཏ་དང་ ཆང་གི་རིགས་ཚུ་ཡང་ བཙོང་དོ་ཡོདཔ་ད་ དེ་ཁར་འོང་མི་ཚུ་ལུ་ དྲོ་པ་ ཤ་མུ་གི་ཁུ་བ་ཚུ་དྲང་ཡི།
ལས་རིམ་དེ་ནང་ ཚོང་ཁང་བཙུགས་མི་༢༧ ཐོན་ཡོདཔ་ད་ དེ་ནང་ རང་ལུགས་ཀྱི་གྱོན་ཆས་དང་ སྨན་རིགས་ ཆང་དང་ ཤ་མུ་མེ་བཏང་སྟེ་ བཙོང་ཐང་ཚུ་ཡང་ འགྲེམས་སྟོན་འབད་ཡི།
ལས་རིམ་དེ་གིས་ གཙོ་བོ་ར་ མི་སེར་ཚུ་ལུ་ ཚོང་འབྲེལ་གྱི་གོ་སྐབས་སྦོམ་ཅིག་ཨིནམ་ལས་ ཤིང་མཁར་ལས་ཨིན་མི་ ཨམ་སྲུ་ཅིག་གིས་ དུས་སྟོན་དེ་གིས་ ཁོང་བཟུམ་མའི་ སོ་ནམ་པ་ཚུ་ལུ་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མས་ཟེར་ བཤད་མི་དེ་ཡང་ ཁོང་གིས་ ཚོང་འབྲེལ་གྱི་གོ་སྐབས་ཐོབ་ནི་དེ་གིས་ ཨིན་པས།
ཉིན་གྲངས་གསུམ་གྱི་དུས་སྟོན་སྐབས་ སྨན་ཆུ་སྦང་ནི་དང་ རྩེད་རིགས་ དེ་ལས་ ནགས་ཚལ་ནང་ལས་ ལམ་འགྲུལ་འབད་དེ་ འགྱོ་ནི་གི་ ལས་རིམ་ཚུ་ཡང་ ཡོདཔ་ཨིན་པའི་གནས་ཚུལ།

ཨུ་ར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment