གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་ རྫོ་སྦལ་གཡུས་ཚན་ནང་ མི་དང་རི་དྭགས་སེས་ཅན་བར་ན་བྲིལ་ཟིང་གི་དཀའ་ངལ།

༢༥/༨/༢༠༡༢   ༉ སྤྱི་ལོ་༢༠༠༧ ལུ་ པདྨ་དགའ་ཚལ་ རྫོ་སྦལ་གཡུས་ཚན་གྱི་ སོ་ནམ་ཞིང་པ་ཀུན་བཟང་གིས་ ས་ཆ་ཨེ་ཀར་༤ འི་ནང་ གེ་ཟ་བསྡུ་གསོག་ འབད་རན་ཁར་ལྷོདཔ་ད་ རི་དྭགས་སེམས་ཅན་གྱིས་ ག་ར་བཟའ་ཡོད་པའི་ཁར་ སྤྱི་ལོ་༢༠༠༨ ལུ་ཡང་ ཕྱེད་ཀ་ཅིག་ རི་དྭགས་སེམས་ཅན་ལུ་ ཤོར་སོཔ་ཨིན་པས།
རྫོ་སྦལ་གཡུས་ཚན་གྱི་མཐོང་སྣང་།


དེ་གི་ཤུལ་ལས་ ཀུན་བཟང་གིས་ ས་ཆ་དེ་ སྟོངམ་སྦེ་བཀོག་བཞག་སྟེ་ ལོ་༣ དེ་ཅིག་གི་རྒྱབ་ལས་ གཞུང་གིས་ དངུལ་ཐོག་ ཧེ་ཟཱལ་ནཊི་ འཛུགས་སྐྱོང་འཐབ་ནི་ འགོ་བཙུགས་མི་དང་འཁྲིལ་ སྐྱེས་ལོ་༤༦ ལང་མི་ ཕོ་སྐྱེས་དེ་གིས་ ཧེ་ཟཱལ་ནཊི་ ཤིང་༤༩༠ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
འགོ་ཐོག་ ཤིང་འབྲས་ཚུ་ འཛུགས་སྐྱོང་འབད་བའི་སྐབས་ དངུལ་ཐོག་དེ་ལུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་མི་འབྱུང་ནིའི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ ཤུལ་ལས་ ཤིང་ལ་ལུ་ཅིག་ རི་དྭགས་སེམས་ཅན་གྱིས་ བཟའ་བའི་ཁར་ ལ་ལུ་ཅིག་ ར་སྤོག་སྟེ་ ག་ཏེ་གུ་ཏེ་ལས་ཕར་ བསྐྱལ་ཡོདཔ་སྦེ་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མ་གཞི་ ཤིང་འབྲས་ཀྱི་ལྕངམ་ཚུ་ གཞུང་ལས་ རིན་མེད་སྟོང་པར་ གནང་ཡོདཔ་ཨིན་རུང་ འཛུགས་སྐྱོང་འབད་བའི་སྐབས་ ལས་མི་ཚུ་གི་དོན་ལུ་ དངུལ་ཀྲམ་༤,༠༠༠ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ལས་ རྒུད་ཕོག་ཅི་ཟེར་ཨིན་པས།
ཨ་ལུ་༧ གྱི་ ཨ་པ་གིས་ ད་རེས་ནངས་པ་ དགོན་པ་སིང་མ་འབྲིང་རིམ་སློབ་གྲྭ་འོག་མའི་འོག་ལུ་ ཚོང་ཁང་ཅིག་ བཙུགས་ཏེ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཚོང་ཁང་དེ་མེད་པ་ཅིན་ ཁོ་ལུ་ འཚོ་ཐབས་ཀྱི་ཐབས་ལམ་གཞན་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
གཡུས་ཚན་དེ་ནང་ ཀུན་བཟང་བཟུམ་སྦེ་ གཡུས་མི་ལེ་ཤ་ཅིག་གིས་ རང་སོའི་ལོ་ཐོག་ཚུ་ ལོ་བསྟར་བཞིན་དུ་ རི་དྭགས་སེམས་ཅན་ཚུ་ལུ་ ཤོར་དོ་ཡོདཔ་ཨིན་པས།
རྒེད་འོག་གི་ མི་སེར་ཚུ་གིས་ གེ་ཟ་དེ་ བཟའ་སྤྱོད་ཀྱི་དོན་ལུ་ འབྲུ་སྣ་གཙོ་ཅན་ཅིག་སྦེ་ འཛུགས་སྐྱོང་འཐབ་དོ་ཡོདཔ་ད་ ཚལ་ལུ་དང་ ཀེ་བ་ཚུ་ དངུལ་ཐོག་གི་འོང་འབབ་བཟོ་མི་ ངོ་མ་ཅིག་ཨིན་པས།
སོ་ནམ་ཞིང་པ་ཚུ་གིས་ ཉིན་མཚན་མེད་པར་ ཁོང་རའི་ལོ་ཐོག་ཚུ་ སྲུང་སྡོད་དོ་ཡོདཔ་ཨིན་རུང་ རི་དྭགས་སེམས་ཅན་ཚུ་གི་ཁ་ལས་ ཐོབ་མ་ཚུགས་ནི་དེ་གིས་ སོ་ནམ་ཞིང་ལཱ་འབད་ནི་ལུ་ཡང་ སྤྲོ་བ་ཞན་དོ་ཡོདཔ་ཨིན་པས།
གཡུས་མི་ཅིག་གིས་བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ཁོང་གི་ཞིང་ཚུ་ནང་ རི་དྭགས་སེམས་ཅན་ཚུ་གིས་ ནུབ་མོ་རྐྱངམ་གཅིག་ གནོདཔ་བཀལཝ་ཨིན་རུང་ ད་རེས་ནངས་པ་ ཉིན་མ་ཡང་ གནོད་སྐྱོན་རྐྱབ་མས་ཟེར་ཨིན་པས།
ཁྱིམ་ཚུ་ ཁ་གཏོར་ཏེ་ཡོད་མི་ རྫོ་སྦལ་གཡུས་ཚན་དེ་ ནགས་ཚལ་གྱི་སྦུག་ལུ་ ཆགས་ཡོདཔ་ད་ ལོ་བསྟར་བཞིན་དུ་ ས་ཆ་ཨེ་ཀར་ལས་བཅད་མི་ཚུ་ནང་གི་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལུ་ཤོར་དོ་ཡོདཔ་ཨིན་པས།
ཚོགས་པ་བླམ་དོན་གྲུབ་ཀྱིས་ འབད་བ་ཅིན་ གཡུས་ཚན་དེ་ནང་ རི་དྭགས་སེམས་ཅན་དང་ མི་གི་བར་ནའི་ བྲེལ་ཟིང་ཐོན་མིའི་གནད་དོན་དེ་ གསརཔ་ཅིག་མེན་ཟེར་ཨིནམ་ད་ དེ་གིས་ མི་སེར་ཚུ་ སོ་ནམ་ཞིང་ལཱ་འབད་ནི་ལུ་ སྤྲོ་བ་མེདཔ་ བཟོཝ་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ བཤད་མིའི་ནང་ དེ་བཟུམ་མའི་ རི་དྭགས་སེམས་ཅན་ལུ་བརྟེན་པའི་ དཀའ་ངལ་ཚུ་བྱུང་བའི་སྐབས་ ཨ་རྟག་ར་ རྒེད་འོག་ནང་ སྙན་ཞུ་འབད་དགོཔ་སྦེ་ སླབ་མི་དང་འཁྲིལ་ སྙན་ཞུ་འབད་ཡོད་རུང་ དེ་ལུ་ རྒུད་འཐུས་ཚུ་ ག་ཅི་ཡང་འཐོབ་ནི་མེདཔ་ལས་ སྙན་ཞུ་འབད་དགོཔ་དེ་ ཁག་ཆེཝ་ཅིག་ མི་མཐོང་པས་ཟེར་ཨིན་པས།
པདྨ་དགའ་ཚལ་གྱི་ སོ་ནམ་འགོ་དཔོན་ ཀི་རཱན་ སུ་བེ་དི་གིས་ འབད་བ་ཅིན་ ད་ལྟོ་ཚུན་ལུ་ གནོད་སྐྱོན་བྱུང་མི་ སོ་ནམ་ཞིང་པ་ཚུ་ལུ་ དངུལ་རྐྱང་གི་ རྒུད་འཐུས་ཚུ་ སྤྲོད་སྤྲོདཔ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞི་རྟེན་རྒུད་འཐུས་མ་དངུལ་ཚུ་ གནོད་སྐྱོན་བྱུང་མི་ སོ་ནམ་ཞིང་པ་ཚུ་གི་ གྱངས་ཁ་དང་འཁྲིལ་ཏེ་ སྤྲོད་དོ་ཟེར་ཨིན་པས།
སོ་ནམ་ཞིང་པ་ ཀུན་བཟང་གིས་ ཧེ་མ་ཚར་ཅིག་ ཧེ་ཟཱལ་ནཱཊི་འཛུགས་སྐྱོང་འབད་དེ་ མཐར་འཁྱོལ་མ་བྱུང་རུང་ དུས་ཅི་ཡང་ ཤིང་འབྲས་ཀྱི་ལྕངམ་༤༩༠ འཛུགས་སྐྱོང་ འབད་ཡོད་མི་དེ་ ལེགས་ཐོན་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment