གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བང་ལ་དེཤ་ལུ་ ཨེ་པཱལ་ཕྱིར་ཚོང་འཐབ་ནི་མཚམས་འཇོག།

༣༠/༨/༢༠༡༢   ༉ དུས་ཅི་ དངུལ་ཐོག་ཨེ་པཱལ་ཕྱིར་ཚོང་འཐབ་ཐོག་ལས་ ཕྱི་དངུལ་ཡུ་ཨེསི་ཌོ་ལར་ནང་ འོང་འབབ་བཟོ་ཚུགས་ནི་བཟུམ་ཅིག་མེདཔ་ཨིན་པས།


དེ་ཡང་ དངུལ་འབྲེལ་ལས་ཁང་ཚུ་གིས་ ཨི་པི་སི་ཟེར་མི་ ཕྱིར་ཚོང་གི་དོན་ལུ་ སྐྱིན་འགྲུལ་བྱིན་ནི་ མཚམས་འཇོག་འབད་མི་ལུ་བརྟེན་ ཨེ་པཱལ་ཕྱིར་ཚོང་འཐབ་མི་ མང་ཤོས་ཅིག་གིས་ བང་ལ་དེཤ་ལུ་ ཨེ་པཱལ་བཙོང་མ་ཚུགསཔ་ཨིན་པས།
ཨེ་པཱལ་ཕྱིར་ཚོང་འཐབ་ནི་གི་ དུས་ཚོད་འགོ་བཙུགས་ཏེ་ ཧ་ལམ་ ཟླཝ་ལང་ཡོད་རུང་ ཕྱིར་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ དུས་ཅི་ ཁོང་གི་ ཚོང་འབྲེལ་དེ་ ཤུགས་སྦེ་ར་ མར་བབས་ཡར་སོ་ཡི་ཟེར་ཨིནམ་ད་ ཁོང་ལུ་ མི་སེར་ཞིང་པ་ཚུ་ལས་ ཨེ་པཱལ་ཉོ་ནི་གི་ མ་རྩ་མེདཔ་ལས་ ཨེ་པཱལ་བཙོང་ནི་ཚུ་ཡང་ མཚམས་འཇོག་འབད་ཡི་ཟེར་ སླབ་ཨིན་པས།
ཕྱིར་ཚོང་འཐབ་མི་ཅིག་གིས་ སླབ་མིའི་ནང་ དུས་ཡུན་ཐུང་ཀུའི་ སྐྱིན་འགྲུལ་བྱིན་ནི་ ཆ་མེད་བཏང་མི་ལུ་བརྟེན་ སྐྱིན་འགྲུལ་གཞན་ལེན་ནིའི་ ཐབས་ལམ་མེདཔ་ལས་ ཕྱིར་ཚོང་མ་བཞག་པར་ ཐབས་མིན་འདུག་ཟེར་ཨིནམ་ད་ ཨི་སི་པི་སྐྱིན་འགྲུལ་དེ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ ཕྱིར་ཚོང་འཕྲོ་མཐུད་དེ་ འཐབ་ནི་གི་ ཕན་ཐབས་ལུ་ དངུལ་ཁང་ཚུ་གིས་ དུས་ཡུན་ཟླ་ངོ་༣ གྱི་དོན་ལས་བྱིན་དོ་ཡོདཔ་ཨིན་པས།
ཨེ་པཱལ་ཕྱིར་ཚོང་འཐབ་མི་ མང་ཤོས་ཅིག་གིས་ ཨ་རྟག་འབད་བ་ཅིན་ བང་ལ་དེཤ་ལུ་ ཟླཝ་༡ ལུ་ ཨེ་པཱལ་སྣུམ་འཁོར་ཊཱག་དོས་༥༠ དེ་རེ་ བཙོང་ནི་ཡོད་རུང་ ད་ཚུན་གྱི་བར་ན་ ཊཱག་དོས་༡༠ ལས་༡༥ གི་བར་ན་མ་གཏོགས་ བཙོང་མ་ཚུགས་པའི་ཁར་ ལ་ལུ་ཅིག་གིས་ ཊཱག་དོས་༢ ལས་༥ ཚུན་རྐྱངམ་གཅིག་ བཙོང་ཚུགས་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཨེ་པཱལ་ཚོང་པ་ཚུ་གིས་ ཨེ་པཱལ་སྒྲོམ་རེ་ལུ་ དངུལ་ཀྲམ་༥,༠༠༠ ལས་༡,༠༠༠ གི་བར་ན་སྦེ་ རྒྱ་གར་དང་ ས་གནས་ཀྱི་ཁྲོམ་ཚུ་ནང་ བཙོངམ་ཨིན་པས།
རེ་ཚེ་སྐབས་ ཉིནམ་ཅིག་ནང་ ཨེ་པཱལ་ཊཱག་དོས་༣ དང་༤ གི་བར་ན་ རྒྱ་གར་ལུ་ བཙོང་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་ཊཱག་དོས་ཕུད་རྡོག་གཅིག་ཡང་ བཙོང་མི་ཚུགས་དོ་ཡོདཔ་ཨིན་པས།
ང་གིས་ སོ་ནམ་ཞིང་པ་ལས་ ཨེ་པཱལ་ཚུ་ ཉོ་ཡོད་རུང་ བང་ལ་དེཤ་གི་ ཚོང་པ་ཚུ་གིས་ མ་ཉོ་བ་ཅིན་ རུལ་ནི་གི་ ཉེན་ཁ་ཡོདཔ་ལས་ རྒྱ་གར་ལུ་ མ་བཙོང་པར་ ཐབས་མིན་འདུག་ཟེར་ འབྲུག་ཕུན་སུམ་ཕྱིར་བཙོང་ལས་ བཤདཔ་ཨིན་པས།
ད་རུང་ ཁོང་གིས་ རྒྱ་གར་ལུ་ བཙོང་སྟེ་འབད་རུང་ ཨེ་པཱལ་གྱི་ གོང་ཚད་ཡར་མར་འགྱོ་བཞིན་དུ་ཡོདཔ་ལས་ གོང་ཚད་ལེགས་ཤོམ་ཐོབ་མི་ཚུགས་པས་ཟེར་ཨིནམ་ད་ ད་རུང་ ཨེ་པཱལ་གྱི་ གཞི་རྟེན་གོང་ཚད་ ཡུ་ཨེསི་ཌོ་ལར་༧༥༠ ལུ་ ཡར་སེང་རྐྱབ་ནི་དེ་གིས་ བང་ལ་དེཤ་གི་ ཚོང་མགྲོན་པ་ལ་ལུ་ཅིག་གིས་ ནང་འདྲེན་འབད་མི་བཏུབ་པས་ཟེར་ ཕྱིར་ཚོང་པ་ཅིག་གིས་ སླབ་ཨིན་པས།
འབྲུག་ལས་ཐོན་མི་ ཨེ་པཱལ་གྱི་ ཕྱིར་ཚོང་མར་བབས་སོང་མིའི་ རྒྱུ་རྐྱེན་གཞན་དེ་ དུས་ཅི་ རྒྱ་གར་གྱི་མངའ་སྡེ་ ཀཱཤ་མིར་ལུ་ ཨེ་པཱལ་གྱི་ ཐོན་སྐྱེད་ལེགས་ནི་དེ་གིས་ཨིནམ་སྦེ་ ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་ཨིན་པས།
མ་གཞི་ ང་བཅས་ཀྱིས་ བང་ལ་དེཤ་ལུ་ ཨེ་པཱལ་བཙོང་ནི་ མཚམས་འཇོག་འབད་ཡོད་རུང་ ཚོང་འབྲེལ་འཕྲོ་མཐུད་དེ་ བཞག་ནིའི་དོན་ལུ་ ཨེ་པཱལ་ལྷག་མཇུག་ལུས་མི་ཚུ་ རྒྱ་གར་ལུ་ འཕྲོ་མཐུད་དེ་ར་ བཙོང་ནི་ཟེར་ ཀེམ་པ་ཚོང་སྡེའི་ མགྲིན་ཚབ་ཅིག་གིས་ བཤདཔ་ཨིན་པས།
འབྲུག་ཕྱིར་ཚོང་ལས་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་བྱིན་ཐབས་མེདཔ་ལས་ གཞུང་གིས་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་ ཕྱིར་ཚོང་འཐབ་མི་ ཆ་མཉམ་གྱིས་ ཨེ་པཱལ་བཙོང་ནི་ བཤོལ་བཞག་པ་ཅིན་ སོ་ནམ་ཞིང་པ་ཚུ་གིས་ ཁོང་རའི་ཨེ་པཱལ་ཚུ་ བཙོང་མི་ཚུགས་ནི་ཨིནམ་ལས་ རྒྱལ་ཡོངས་ཀྱི་ འོང་འབབ་ལུ་ ཐོ་ཕོག་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment