གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ཕུཊ་བཱོལ་རྩེད་མི་ བུམོ་གི་སྡེ་ཚན་ བེང་ཀོག་ལུ་སོང་ཡོདཔ།

༢༡/༨/༢༠༡༢   ༉ ཁ་ཙ་ འབྲུག་པའི་ན་གཞོན་༢༢ འབད་མི་སྡེ་ཚན་གཅིག་གིས་ ཤྲི་ལངྐའི་ རྒྱལ་ས་ཀོ་ལོམ་བཱོ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་ ལྷོ་ཨེ་ཤི་ཡཱན་ ཕུཊ་བཱོལ་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ བེང་ཀོག་ལུ་ འཕུར་འགྲུལ་འབད་ཡོདཔ་ཨིན་པས།
ལྷོ་ཨེ་ཤ་ཡའི་ ཕུཊ་བཱོལ་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ འབྲུག་པའི་བུམོ་ཚུ།


ལྷོ་ཨེ་ཤེ་ཡཱན་ ཕུཊ་བཱོལ་འགྲན་བསྡུར་དེ་ སྤྱི་ཟླ་༩ པའི་ཚེས་༧ ལས་འགོ་བཙུག་ བདུན་ཕྲག་ལྷག་ཅིག་གི་རིང་ལུ་ འགོ་འདྲེན་འཐབ་ནི་ཨིན་རུང་ འབྲུག་པའི་ན་གཞོན་བུམོ་ཚུ་ ཧེ་མ་འགྱོ་དགོ་མི་དེ་ བེང་ཀོག་ལུ་སྦེ་ བདུན་ཕྲག་༢ ཀྱི་རིང་ སྦྱོང་བརྡར་འབད་ནིའི་དོན་ལུ་ ཨིན་པས།
འབྲུག་རྐང་རིལ་ཚོགས་པ་ལས་ སློབ་སྟོན་པ་རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལཝ་ད་ ད་རིས་ བེང་ཀོག་ལུ་འཕུར་འགྲུལ་འབད་མི་དེ་ ན་གཞོན་བུམོ་ཚུ་ལུ་ གནམ་གཤིས་གནས་སྟངས་དང་འཁྲིལ་བའི་ སྦྱོང་བརྡར་བྱིན་ནི་དང་ ལྷོ་ཨེ་ཤི་ཡཱན་ རྒྱལ་ཁབ་༨ ཀྱི་ ན་གཞོན་བུམོ་ཚུ་དང་གཅིག་ཁར་ ཐད་ཀར་དུ་ རྩེད་འགྲན་འབདཝ་ད་ གནམ་གཤིས་གནས་སྟངས་ཀྱི་ དཀའ་ངལ་བསལ་ཐབས་དང་ ཉམས་མྱོང་ཚུད་ཐབས་ལུ་ སྦྱོང་བརྡར་འབད་བར་ འགྱོ་དོ་ཟེར་ཨིན་པས།
རྩེད་འགྲན་ནང་ བཅའ་མར་གཏོགས་མི་ཅིག་གིས་ འབད་བ་ཅིན་ ན་གཞོན་བུམོ་ཚུ་གིས་ སྦྱོང་བརྡར་དང་ སློབ་སྟོན་ དེ་ལས་ རིག་རྩལ་ཚུ་ སློབ་སྟོན་པ་གིས་ ལེགས་ཤོམ་སྦེ་བྱིན་ཡོདཔ་ལས་ སྤྱི་ལོ་༢༠༡༡ ལུ་ རྒྱལ་ཁབ་ཚུ་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ རྒྱལ་ཁབ་གཅིག་ལས་ཡང་ རྒྱལ་ཁ་འཐོབ་མ་ཚུགས་རུང་ དུས་ཅི་ རྒྱལ་ཁབ་༢ ལྷགཔ་གཅིག་ལས་ རྒྱལ་ཁ་འཐོབ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ སྤྱི་ལོ་༢༠༡༡ ལུ་ བཅའ་མར་གཏོགས་མི་བུམོ་ཅིག་གིས་ སླབ་ཨིན་པས།
ལྷོ་ཨེ་ཤི་ཡཱན་གྱི་ ཕུཊ་བཱོལ་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་རྒྱལ་ཁབ་༨ ལས་ རྒྱ་གར་དང་ འབྲུག་ ཤྲི་ལངྐ་ མཱལ་དིབསི་ ནེ་པཱལ་ ཨཔ་ག་ནཱིསི་ཏཱན་ བང་ལ་དེཤ་ དེ་ལས་ པ་ཀཱིསི་ཏཱན་ཚུ་ཨིན་པའི་གནས་ཚུལ།

No comments:

Post a Comment