གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གིས་ འཛམ་གླིང་ཕྱོགས་རིས་མེད་པའི་ཚོགས་སྡེའི་ ཞལ་འཛོམས་ནང་གྲལ་གཏོགས།

༣༡/༨/༢༠༡༢   ༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འཛམ་གླིང་ཕྱོགས་རིས་མེད་པའི་ཚོགས་སྡེའི་ ཞལ་འཛོམས་ཐེངས་༡༦ པའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཁ་ཉིནམ་ ཨི་རཱན་གྱི་རྒྱལ་ས་ ཏཱེ་རཱན་ལུ་ ལྷོདཔ་ཅིག་ར་ ཨི་རཱན་གྱི་སྲིད་འཛིན་ མཱ་མཱུཌ་ ཨཱ་མ་དི་ནི་ཇེཌ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཨི་རཱན་གྱི་སྲིད་འཛིན་ མཱ་མཱུཌ་ ཨཱ་མ་དི་ནི་ཇེཌ་གིས་ མཇལ་ཕྲད་གསུང་གྲོས་གནང་པའི་བསྒང་།


སྲིད་འཛིན་ མཱ་མཱུཌ་ ཨཱ་མ་དི་ནི་ཇཱཌ་གིས་ འབྲུག་གི་འཐུས་མི་སྡེ་ཚན་ལུ་ བྱོན་ལེགས་ཞུཝ་མ་ཚད་ བློན་ཆེན་མཆོག་ལུ་ མགྲོན་ཞུ་ཕུལ་མི་དང་བསྟུན་ ངོས་ལེན་མཛད་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསལ་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་གིས་ འདི་བཟུམ་མའི་ གལ་ཅན་གྱི་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ལུ་བརྟེན་ མ་འོངས་པ་ལུ་ ཚོགས་སྡེའི་དམིགས་གཏད་དང་ ཐབས་བྱུས་ཚུ་ ཡར་དྲག་གཏང་ནི་དང་ འཛམ་གླིང་ཕྱོགས་རིས་མེད་པའི་ཚོགས་སྡེའི་ འཐུས་མི་རྒྱལ་ཁབ་ཚུ་ ནང་འཁོད་ལུ་ མཉམ་འབྲེལ་རྩ་བརྟན་བཟོ་ནི་ལུ་ ཕན་རླབས་འབྱུང་ཚུགས་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ ཨི་རཱན་གྱིས་ འདི་བཟུམ་མའི་ གལ་ཅན་ཞལ་འཛོམས་ འགོ་འདྲེན་འཐབ་མི་ལུ་ དཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནངམ་མ་ཚད་ འབྲུག་གི་ མི་སེར་ཚུ་གིས་ ཨི་རཱན་གྱི་ རྒྱལ་རབས་དང་ ལམ་སྲོལ་ དེ་ལས་ མི་སེར་གྱི་ བློ་སྤོབས་ལུ་ ངལ་རངས་ཡོད་ཟེར་ཨིན་པས།
སྲིད་འཛིན་གྱིས་ འབྲུག་དང་ ཨི་རཱན་གྱི་བར་ནའི་ ཆ་མཚུངས་གནས་སྟངས་ཀྱི་སྐོར་ལས་ བཤད་ཡོདཔ་མ་ཚད་ རྒྱལ་ཁབ་༢ ཆ་ར་ འཛམ་གླིང་ནང་ ཞི་བདེ་དང་ དྲང་ཁྲིམས་ དེ་ལས་ བྱམས་བརྩེ་ལུ་ བརྩོན་ཤུགས་བསྐྱེད་མི་ཅིག་ ཨིན་མས་ཟེར་ཨིནམ་ད་ དབུ་ཁྲིད་༢ ཀྱིས་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་སྦེ་ གནས་བཞིན་ཡོད་པའི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།
འཛམ་གླིང་ཕྱོགས་རིས་མེད་པའི་ཚོགས་སྡེ་དེ་ སྤྱི་ལོ་༡༩༦༡ ལུ་ འཚོགས་ཡོདཔ་བཞིན་དུ་ དེ་ནང་ འཐུས་མི་རྒྱལ་ཁབ་༡༢༠ དང་ ལྟ་རྟོག་པ་༡༧ ཡོདཔ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཧ་ལམ་ གསུམ་དཔྱ་༢ དེ་ཅིག་གི་ བརྡ་མཚོན་སྟོན་ཡོདཔ་བཞིན་དུ་ དམིགས་བསལ་དུ  ཡར་རྒྱས་འགྱོ་བའི་བསྒང་ཡོད་པའི་ རྒྱལ་ཁབ་ཚུ་གི་ མི་འབོར་བརྒྱ་ཆ་༥༥ དེ་ཅིག་ཡོདཔ་ཨིན་པས།
འབྲུག་གིས་ འཛམ་གླིང་ཕྱོགས་རིས་མེད་པའི་ཚོགས་སྡེ་ནང་ སྤྱི་ལོ་༡༩༧༣ ལུ་ འཛུལ་ཞུགས་འབདཝ་ལས་ཚུར་ འདས་པའི་ཞལ་འཛོམས་ཚུ་ ཆ་མཉམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཁ་ཙ་ལས་ འགོ་བཙུགས་མི་ “འཛམ་གླིང་མཉམ་འབྲེལ་གཞུང་སྐྱོང་བརྒྱུད་དེ་ ཡུན་བརྟན་ཞི་བདེ་”ཟེར་མི་ བརྗོད་དོན་ཐོག་གི་ འཛམ་གླིང་ཕྱོགས་རིས་མེད་པའི་ཚོགས་སྡེའི་ ཞལ་འཛོམས་ཐེངས་༡༦ པ་དེ་ ཨི་རཱན་གྱི་སྲིད་འཛིན་ མཱ་མཱུཌ་ ཨཱ་མ་དི་ནི་ཇེཌ་ གསུང་བཤད་གནང་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ད་རིས་ བློན་ཆེན་མཆོག་གིས་ ཞལ་འཛོམས་ཐེངས་༡༦ པའི་ འགོ་འབྱེད་གནངམ་དང་བསྟུན་ གསུང་བཤད་ཚུ་ གནང་ནི་ཨིན་པས།
ཚོགས་སྡེའི་ དམིགས་གཏད་ངོ་མ་ར་ འཐུས་མི་རྒྱལ་ཁབ་ཚུ་གི་ རྒྱལ་ཡོངས་རང་དབང་དང་ རང་བཙན་ མངའ་ཁོངས་གཅིག་སྒྲིལ་ དེ་ལས་ སྲུང་སྐྱོབ་ཚུ་ ངེས་བརྟན་བཟོ་ནི་ཨིནམ་ད་ ཚོགས་སྡེ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཤུལ་ལས་ར་ རྒྱལ་ཁབ་ལེ་ཤ་འཚོགས་པའི་ ཚོགས་སྡེ་སྦོ་ཤོས་ཅིག་ཨིན་པས།
འཛམ་གླིང་ཕྱོགས་རིས་མེད་པའི་ཚོགས་སྡེའི་ ཞལ་འཛོམས་ཀྱི་ ཆ་ཤས་བཟུམ་ཅིག་སྦེ་ བློན་ཆེན་མཆོག་གིས་ རྒྱལ་ཁབ་དང་ གཞུང་གི་དབུ་ཁྲིད་ཚུ་དང་གཅིག་ཁར་ ཟུང་ཕྱོགས་ཀྱི་ གསུང་གྲོས་ཚུ་ཡང་ གནང་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment