གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་གྱི་ རྐྱེན་ངན་ནང་ ཕོ་སྐྱེས་ཅིག་ལུ་ཤི་རྐྱེན།

༡/༩/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༣༠ གི་ དྲོ་པའི་ཆུ་ཚོད་༡༢ དང་ སྐར་མ་༥ དེ་ཅིག་ཁར་ སྤུ་ན་ཁ་ སི་སི་སྡིངས་ལུ་ སྣུམ་འཁོར་ཧའི་ལགསི་ཅིག་ ལམ་འོག་ལས་མར་ ཕིཊ་༢༩༥ དེ་ཅིག་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་ཅིག་ ས་གནས་དེ་ནང་ར་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ རྐྱེན་ངན་དེ་གི་སྐོར་ལས་ མི་ཅིག་གིས་ དྲོ་པའི་ཆུ་ཚོད་༡༢ དང་ སྐར་མ་༤༠ དེ་ཅིག་ཁར་ འགྲུལ་འཕྲིན་ཐོག་ལས་ སྙན་ཞུ་འབད་དེས་ཟེར་ཨིན་མས།
རྐྱེན་ངན་བྱུང་སའི་ ས་གནས་དེ་ ལོད་སྦིས་ས་ལས་ ཐིམ་ཕུ་ཁ་ཐུག་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་ཁར་ བྱུང་ཡོདཔ་ད་ ཚེ་འདས་ཕོ་སྐྱེས་དེ་ ཐིམ་ཕུ་ལས་ སྤུ་ན་ཁ་ བསམ་སྡིངས་ཁ་ལུ་ གཞུང་དོན་ལུ་ འགྱོ་བའི་བསྒང་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཞིབ་འཚོལ་འགོ་དཔོན་ལས་རོགསཔ་ཨིན་པས།
དེད་གཡོགཔ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ གདོང་ཕྱོགས་ལས་ སྣུམ་འཁོར་ཊི་པར་ཊཱག་ཅིག་ འོང་མི་དེ་ལས་ ཟུར་འགྱོ་བའི་སྐབས་ལུ་ བྱུང་ཡི་ཟེར་ཨིན་པས།
ས་གནས་ཀྱི་ ཉེ་འདབས་ལུ་སྡོད་མི་ ཕོ་སྐྱེས་ཅིག་གིས་ སྣུམ་འཁོར་རྦོབ་རིལ་བའི་ སྐད་གོ་སྟེ་ གླ་འཁོར་བཏང་མི་ཅིག་ལུ་ བརྡ་སླབ་པའི་ཤུལ་ལས་ གླ་འཁོར་བཏང་མི་དེ་གིས་ དེ་འཕྲོ་ལས་ དེད་གཡོགཔ་དེ་ འཐུ་འབག་སྟེ་ སྤུ་ན་ཁ་ རྫོང་ཁག་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ལས་བརྒལ་ བཏོན་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཡོདཔ་ད་ དེ་ཡང་ རྐྱེན་ངན་བྱུང་སའི་ ས་གོ་ནང་ བྱག་ཡོདཔ་ལས་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ པདྨ་མ་དགའ་ཚལ་ རྩེ་བར་ལས་ཨིནམ་ད་ ཁོ་ལུ་ ཨ་ལུ་༣ ཡོདཔ་ཨིན་པའི་གནས་ཚུལ།


སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment