གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལ་པའི་ཉིནམ་ལུ་ ཨའི་༦༠ ལྷག་ཅིག་གིས་ ཁྱིམ་ནང་ལས་ ལཱ་འབད་ནི་ འགོ་བཙུགས་ཡོདཔ།

༡༣/༩/༢༠༡༢    ༉ འདས་པའི་རེས་གཟའ་ལྷགཔ་ སྤྱི་ཟླ་༩ པའི་ཚེས་༡༡ ལུ་ གཞུང་གིས་ ཁྱབ་བསྒྲགས་འབད་མི་དང་འཁྲིལ་ ཐིམ་ཕུ་ལུ་ཡོད་པའི་ ལྷན་ཁག་༨ ཀྱི་ ཞི་གཡོགཔ་ཨམ་སྲུ་ ཨ་ལུ་ལུ་ཨོམ་བྱིན་མི་ ཨའི་༦༤ དེ་ཅིག་གིས་ གཞུང་འབྲེལ་གྱི་ལཱ་ཚུ་ ཁྱིམ་ནང་ལས་འབད་དོ་ཡོདཔ་ཨིན་པས།
འདས་པའི་རེས་གཟའ་ལྷགཔ་གི་ཕྱི་རུ་ ཐིམ་ཕུ་ལྕང་ཟམ་ཏོག་གི་འཁོར་ལམ་བདའ་སྟེ་ མི་ཚུ་རྐང་འཁོར་ སའི་ཀཱལ་བཏང་འགྱོ་བའི་བསྒང་།


སོ་ནམ་ལྷན་ཁག་དང་ ལས་གཡོག་ལྷན་ཁག་ མཉམ་འབྲེལ་ཐོག་ལས་ ཞི་གཡོགཔ་ཨ་ལུའི་ཨའི་ ག་དེ་ཅིག་ཡོད་ག་ གནས་ཐོ་བསྡུ་བསྒྲིག་འབད་བའི་བསྒང་ཡོདཔ་ད་ འདས་པའི་རེས་གཟའ་ལྷག་པ་ལུ་ ཡིག་ཚང་ནང་མ་འོང་པར་ སྡོད་མི་ཨའི་༦༤ གིས་ ཁྱིམ་ནང་ལས་འབད་མི་ལཱ་ཚུ་ ག་ཅི་བཟུམ་ར་ཡོད་ག་མ་ཤེསཔ་ཨིན་པས།
སློབ་གྲྭ་དང་ སྨན་ཁང་གི་ལས་བྱེདཔ་ ཨ་ལུ་ཚུ་ལུ་ཨོམ་བྱིན་མི་ཨའི་ཚུ་གིས་ རང་སོའི་ལཱ་གཡོག་ནང་ གླ་འཁོར་ནང་སྦེ་ འོང་དོ་ཡོདཔ་ད་ ཁྱབ་བསྒྲགས་དེ་ སློབ་གྲྭ་དང་ སྨན་ཁང་ཚུ་ནང་ ལག་ལེན་ མ་འཐབ་པའི་ཁར་ ཡང་ཅིན་ ཁྱབ་བསྒྲགས་དེ་ གཙུག་སྡེ་ཚུ་ནང་ མ་ལྷོདཔ་འོང་ནི་ཨིན་པས།
ཐིམ་ཕུ་གཙོ་བསྟེན་སྨན་ཁང་གི་ གསོ་བའི་ལྟ་རྟོག་པ་ ཌོག་ཊར་གྲུབ་ཐོབ་བསོད་ནམས་ཀྱིས་ འབད་བ་ཅིན་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཁྱབ་བསྒྲགས་འབད་དེ་ བདུན་ཕྲག་༢ ཀྱི་ཤུལ་ལས་རྐྱངམ་གཅིག་ ལྷོད་ཡོདཔ་ད་ གནད་དོན་དེ་གི་ཐོག་ལུ་  ད་ལྟོའི་བར་ན་ཡང་ གྲོས་བསྟུན་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་  གཟའ་ལྷགཔ་ལུ་ ཨ་ལུའི་ཨའི་ཚུ་ ཡིག་ཚང་ནང་འོང་མ་དགོ་མི་ལུ་བརྟེན་ ཁྱིམ་ནང་ལས་ འོས་འབབ་ཅན་གྱི་ལཱ་ ག་ཅི་ར་འབད་ཚུགས་ག་ཟེར་བའི་ བསམ་འཆར་ཚུ་ བསྡུ་ལེན་འབད་ཡོདཔ་མ་ཚད་ ཨུ་ལུའི་ཨའི་ཚུ་ བདག་སྐྱོང་དང་ གསོ་བའི་ལས་བྱེདཔ་སྡེ་ཚན་༢ ལུ་ཁ་དབྱེ་ཞིནམ་ལས་ ཤུལ་མམ་གྱི་ རྐང་འགྲུལ་གྱི་ཉིནམ་ལས་ ལག་ལེན་འཐབ་འོང་ཟེར་ཨིན་པས།
སློབ་གྲྭའི་སློབ་དཔོན་ཚུ་གི་ཐད་ལུ་འབད་བ་ཅིན་ ཨ་ལུའི་ཨའི་ཚུ་གིས་ རྐང་འགྲུལ་གྱི་ཉིནམ་ལུ ཡིག་ཚང་ནང་འོང་མ་དགོ་པར་ ཁྱིམ་ནང་ལས་ ལཱ་འབད་རུང་ཆོག་པའི་ བཀའ་རྒྱ་དང་ཁྱབ་བསྒྲགས་དེ་ ཡིག་ཚང་ནང་ ད་ཚུན་མ་ལྷོད་པའི་ཁར་ དེ་གི་སྐོར་ལས་ རྫོང་ཁག་གཞན་ཁའི་ ཤེས་རིག་འགོ་དཔོན་ཚུ་གིས་ཡང་ དྲི་བཀོད་འབད་ནི་འདུག་ཟེར་ ཐིམ་ཕུ་ཁྲོམ་སྡེའི་ལས་རོགས་འགོ་དཔོན་གྱིས་སླབ་ཨིན་པས།
ཧཱ་གིས་ རྫོང་ཁག་ཤེས་རིག་འགོ་དཔོན་ བསོད་ནམས་བསྟན་འཛིན་གྱིས་ འབད་བ་ཅིན་ ཁྱབ་བསྒྲགས་དེ་ ཧཱ་སློབ་གྲྭ་༨ ཀྱི་ དབུ་འཛིན་ཚུ་ལུ་ བཏང་ཡི་ཟེར་ཨིནམ་ད་ དེ་གི་སྐོར་ལས་ དྲི་བཀོད་འབད་མི་ ལེ་ཤ་ཅིག་ར་ཐོན་རུང་ ཁྱབ་བསྒྲགས་དེ་ལུ་ གནས་ཐོག་ལས་ ཨ་ལུའི་ཨའི་ཚུ་གིས་ རེས་གཟའ་ལྷགཔ་ལུ་ སློབ་སྟོན་འཆར་གཞི་བཟོ་ནི་དང་ སློབ་ཁང་ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་ཞིབ་དཔྱད་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
རྐང་འགྲུལ་ཉིནམ་གི་སྐབས་ ཨོམ་བྱིན་དགོ་མི་ ཨའི་ཚུ་ལུ་ དམིགས་བསལ་གྱི་ ཐོབ་དབང་སྤྲོད་མི་དེ་ ཚུལ་མིན་ཐོག་ལས་ ལག་ལེན་འཐབ་ས་མཐོང་པ་ཅིན་ ཐོབ་དབང་དེ་ ཆ་མེད་བཏང་ནི་ཨིན་ཟེར་ཨིན་པས།
ཁྱབ་བསྒྲགས་དེ་ གསལ་བསྒྲགས་འབད་བའི་ཤུལ་ལས་ སློབ་གྲྭ་དང་ སྨན་ཁང་ནང་ ལཱ་འབད་མི་ཚུ་གི་དོན་ལུ་ ལག་ལེན་འཐབ་ནིའི་ནང་ བྱ་སྟབས་མ་བདེཝ་ཐོན་ནིའི་ཉེན་ཁ་སྦོམ་ར་འདུག་ཟེར་ བསམ་བཀོད་འབད་མི་ ལེ་ཤ་ཐོན་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ འབད་བ་ཅིན་ འབྲེལ་ཡོད་ལྷན་ཁག་ཚུ་གི་ སྲིད་བྱུས་དེ་ རང་སོའི་གནས་སྟངས་དང་བསྟུན་ ལག་ལེན་ག་དེ་སྦེ་ འཐབ་ནི་ཨིན་ན་ཚུ་ བལྟ་ཞིབ་འབད་དགོ་ཟེར་ཨིནམ་ད་ སློབ་དཔོན་དང་ སྨན་ཁང་གི་ལས་བྱེདཔ་ཚུ་ ཁོང་རའི་གོ་རིམ་བསྒྲིག་ནི་མ་གཏོགས་ ལྷན་ཁག་གི་འབད་དོ་བཟུམ་སྦེ་ འབད་དགོཔ་མེད་ཟེར་ཨིན་པས།
ལས་འཛིན་དང་ སྒེར་སྡེ་ཚུ་གིས་ ཁྱབ་བསྒྲགས་དེ་ལུ་ ཉོགས་བཤད་བཀོད་མི་གི་ཐད་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་ ཞི་གཡོགཔ་ཚུ་ གཞུང་གི་ལས་བྱེདཔ་ཨིནམ་ལས་ གཞུང་གི་བཀའ་རྒྱ་ལུ་ ངོས་ལེན་འབད་དགོཔ་ཨིན་རུང་ ལས་འཛིན་དང་ སྒེར་སྡེ་ཚུ་གིས་ ཁྱབ་བསྒྲགས་དེ་ལུ་ ངོས་ལེན་འབད་མི་འབད་ཀྱི་ དབང་ཚད་དེ་ ཁོང་ར་ལུ་ ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ཁོ་གིས་སླབ་མིའི་ནང་ ལམ་ལུགས་དེ་ གཞུང་གི་ཐབས་ཤེས་ ལེགས་ཤོམ་ཅིག་ཨིནམ་ལས་ ལས་འཛིན་དང་ སྒེར་སྡེ་ཚུ་གིས་ཡང་ ཨོམ་འཐུང་མི་ཨ་ལུ་ཚུ་གིས་ ཁོང་རའི་ཨའི་གི་ཨོམ་འཐོབ་དགོ་པའི་ གནས་སྟངས་ལུ་གཞི་བཞག་ཐོག་ ཁྱབ་བསྒྲགས་དེ་ལུ་ ངོས་ལེན་འབད་བའི་ རེ་བ་ཡོད་ཟེར་ཨིན་པས།
གཞི་གཡོགཔ་ཨ་ལུའི་ཨའི་ཚུ་ལུ་ ཁོང་གི་སྐྱེ་མའི་ངལ་གསོ་དེ་ ཟླ་ངོ་དྲུག་ལུ་ཡར་སེང་འབད་ནི་དང་ ཡང་ཅིན་ རྐང་འགྲུལ་པའི་ཉིནམ་དེ་ གཟའ་ཟླཝ་ལུ་ སྤོ་བཤུད་འབད་བ་ཅིན་ ཟེར་བའི་བསམ་འཆར་བཀོད་མི་དེ་ ཨ་ལུ་དང་ ཨའི་གི་འཕྲོད་བསྟེན་ལུ་ ཕན་ཐོགས་ཅན་ཅིག་ཨིན་རུང་ དྲུང་ཆེན་གྱིས་ བསམ་འཆར་དེ་ལུ་ ངོས་ལེན་འབད་ནི་གི་ འོས་འབབ་མིན་འདུག་ཟེར་ཨིན་པས།
རྐང་འགྲུལ་པའི་ཉིནམ་དེ་ རེས་གཟའ་ཟླཝ་ལུ་ སོར་བསྒྱུར་འབད་བ་ཅིན་ ད་ལྟོ་ལག་ལེན་འཐབ་མི་ རྐང་འགྲུལ་པའི་ཉིནམ་དེ་གི་ དམིགས་ཡུལ་དང་ དགོས་དོན་ཚུ་ མེདཔ་བཏང་འོང་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment