གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚང་དམར་བསད་འབད་མི་ དོགས་ཅན་འཛིན་བཟུང་།

༢༤/༩/༢༠༡༢   ༉ མགར་ས་འདམ་སྦྱིས་རྒེད་འོག་ སྟར་ཤིང་ཐང་ལུ་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་གནས་ཚང་ སྐྱེས་ལོ་༦༨ ལང་མི་དེ་ དམར་བསད་འབད་བའི་ དོགས་པ་ལུ་བརྟེན་ སྤུ་ན་ཁའི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།


དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༢ ཀྱི་ཉིན་མར་ ཕོ་སྐྱེས་དེ་ སྟར་ཤིང་ཐང་ལས་ བྱོག་འོང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་གིས་ རྟ་ལོག་ལབ་རྩ་ཁ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༡ གི་ནུབ་མོར་ གཉིས་ཆ་ར་ ཆང་གིས་འགྲངས་མི་ བཟའ་ཚང་གཉིས་ཀྱི་བར་ན་ ཁ་འཐབ་ཚིག་འཐབ་བྱུང་པའི་ཤུལ་ལུ་ རྨགཔ་དེ་གིས་ གནས་ཚང་དྲངས་ནུག་ཟེར་ཨིན་པས།
བཟའ་ཚང་གཉིས་ཀྱི་ སྦ་སྒོར་ལས་ མི་ཊར་༤༠༠ གི་ས་ཁར་སྡོད་མི་ སྟར་ཤིང་ཐང་གི་ ཚོང་པ་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཕོ་སྐྱེས་ཅིག་གིས་ ཨམ་སྲུ་ཅིག་ལུ་ བརྡུང་རྫོབ་འབད་དོ་ཡོད་པའི་སྐོར་ འདམ་སྦྱིས་ལས་འོང་མི་ དེད་གཡོགཔ་ཅིག་གིས་ ཁོ་ལུ་ སླབ་མི་ལུ་བརྟེན་ ཁོ་ ས་ཁོངས་དེ་ནང་སོང་སྟེ་ བཟའ་ཚང་ཆང་འཐུང་མི་གཉིས་ལུ་ འཐབ་འཛིང་འབད་ནི་ བཤོལ་བཞག་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་འབདཝ་ད་ དེ་གི་ནངས་པ་ སྤྱི་ཟླ་༩ པའི་ཚེས་༢༢ ཀྱི་དྲོ་པ་ ཚོང་པ་དེ་ བཟའ་ཚང་གཉིས་ ཁོ་གི་ཁྱིམ་ནང་ ཐུགཔ་འཐུང་པར་ ཤོག་ཟེར་སླབ་པར་སོངམ་ད་ ཨམ་སྲུ་དེ་ མལ་ཆ་ནང་ཤི་ཡོདཔ་མཐོངམ་ལས་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ དེ་བསྒང་ལས་ རྨགཔ་དེ་ ས་གནས་དེ་ཁ་ལས་ གར་སོང་མེད་པར་ བྱོག་ཡར་སོ་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ལུ་ ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པ་དང་ སྤུ་ན་ཁ་སྨན་ཁང་གི་ སྨན་བཅོས་སྡེ་ཚན་གྱིས་ ཚེ་འདས་ཀྱི་ཕོཝ་གུ་ རྨ་སྐྱོན་དང་ མིག་ཏོ་གི་འོག་ལུ་ མཛོག་ཕོག་བླུག་བླུགསཔ་གི་ རྨ་ཤུལ་ཚུ་ཡོདཔ་མཐོང་ནུག།
རྨགཔ་དེ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་མེདཔ་ལས་ ས་གནས་ག་ཏེ་ལས་ཨིན་ན་ ཁྲིམས་སྲུང་འགག་པ་གིས་ ཏན་ཏན་སྦེ་ ཤེས་མ་ཚུགས་རུང་ ཕོ་སྐྱེས་དེ་གིས་ ཁོ་ར་ བསམ་རྩེ་འོད་གསལ་རྩེ་ལས་ཨིནམ་སྦེ་ སླབ་ཨིན་པས།
ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོ་ར་ བསམ་རྩེ་ལས་ ནམ་འོང་ཡི་ག་ དཔྱད་རིག་བཏང་མི་ཚུགས་དོ་ཡོདཔ་ཨིན་རུང་ ལོ་ངོ་༣ གྱི་ཧེ་མར་ ཚེ་འདས་ཨམ་སྲུ་དང་ གཉེན་མ་རྐྱབ་པའི་ཧེ་མར་ ཐིམ་ཕུ་དང་ སྤུ་ན་ཁ་ལུ་ སྡོད་ཅི་ཟེར་ སླབ་ཡོདཔ་ད་ ཁོང་ལུ་ ས་ཞིང་ག་ནི་ཡང་མེདཔ་ལས་ སྟར་ཤིང་ཐང་ལུ་ སྦ་སྒོར་ཅིག་རྐྱབ་སྟེ་ ཉིན་མའི་ལས་མི་སྦེ་ ལཱ་འབད་དེ་སྡོད་ཅི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཁ་བཟེད་མིའི་ནང་ ཁོ་ར་ ཆང་འཐུང་པའི་ཤུགས་ཀྱིས་ གནས་ཚང་ལུ་ རྡོག་ཐལ་བླུགས་བྱིན་ཡི་ཟེར་ཨིནམ་ད་ ཁོ་ར་ དྲོ་པའི་ཆུ་ཚོད་༣ ལུ་ གཉིད་ཚོར་བའི་བསྒང་ལས་ གནས་ཚང་དེ་ ཤི་སོ་ནུག་ཟེར་ ཨིན་པས།
ཚེ་འདས་ཨམ་སྲུ་དེ་ བཀྲིས་སྒང་ཕོངས་མེད་ལས་ཨིནམ་ད་ མོ་ལུ་ བུ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment