གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་ལུ་ ཉེས་ལས་མར་བབས།

༡༨/༩/༢༠༡༢   ༉ ད་ཚུན་གྱི་བར་ན་ པདྨ་དགའ་ཚལ་རྫོང་ཁག་ནང་ ཏམ་ཁུ་དང་འབྲེལ་བའི་ འཛིན་བཟུང་དང་ ཡང་ཅིན་ ཏམ་ཁུ་ལག་ལེན་གྱི་ ཉེས་བྱ་བཀལ་བཀལཝ་མེདཔ་ཨིན་པས།


རྫོང་ཁག་དེ་ནང་ ཉེས་ལས་ཀྱི་ གྱངས་ཁ་མར་བབས་སོང་མི་དེ་ཡང་ པདྨ་དགའ་ཚལ་གྱི་ ཁྲིམས་སྲུང་འགག་པ་གིས་ ཁྲིམས་འགལ་གྱི་ རྩོད་དོན་ཕྱམ་ཕྱིམ་ཚུ་ནང་ འབྲེལ་གཏོགས་འབད་མི་ཚུ་ འཛིན་བཟུང་མ་འབད་བར་ ཉོགས་བཤད་བཀོད་མི་དང་ ཁ་ཉེས་ཕོག་མི་ཚུ་ལུ་ ཁྲིམས་ཡིག་གི་སྐོར་ལས་ གོ་བརྡ་སྤྲོད་མི་ལུ་བརྟེན་ཨིན་པས།
གྲོང་གསེབ་མི་སེར་ཚུ་གིས་ ཁྱིམ་ནང་རྩུབ་སྤྱོད་དང་ ཡང་ཅིན་ བརྡུང་རྫོབ་འབད་བའི་ གནད་དོན་ཕྱམ་ཕྱིམ་ཡོད་མི་ཚུ་གི་སྐོར་ལས་ སྙན་ཞུ་ལྷོད་པའི་སྐབས་ ཁྲིམས་སྲུང་འགག་པ་གིས་ རྒྱལ་ཁབ་ཀྱི་ ཉེས་འགེལ་ཁྲིམས་དེབ་སྐོར་ལས་ གསལ་བཤད་འབད་བྱིན་དོ་ཡོདཔ་ཨིན་པས།
ཉེས་ལས་སྦོམ་ཆུང་གི་ ཉེས་ཁྲིམས་སྐོར་ལས་ ཧ་མ་གོ་མི་ གཡུས་མི་ཚུ་ལུ་ གསལ་བཤད་འབད་བྱིནམ་ད་ ཉེས་ལས་ཀྱི་ ལཱ་བྱ་མ་འཐབ་པའི་ཧེ་མར་ མནོ་བསམ་ཐེབས་བཏངམ་མས་ཟེར་ ཁྲིམས་སྲུང་འགག་པའི་ འགན་འཛིན་འགོ་དཔོན་གྱིས་ སླབ་ཨིན་པས།
དེ་ལས་ སྐུ་རྟེན་གསུང་རྟེན་ཚུ་ ཨར་རྐུན་འབད་ནི་ མར་ཕབ་དང་ མཆོད་རྟེན་གྱི་གཟུངས་ཚུ་ སློང་ནི་ལས་ བཀག་ཐབས་ལུ་ ཁྲིམས་སྲུང་འགག་པ་གིས་ རྒེད་འོག་ལྟེ་བ་ག་རའི་ནང་ རང་སོའི་རྒེད་འོག་ནང་ཡོད་པའི་ ལྷ་ཁང་དང་ མཆོད་རྟེན་ཚུ་ བདག་འཛིད་འཐབ་དགོཔ་སྦེ་ བརྡ་བསྐུལ་འབད་དེ་ཡོདཔ་ཨིན་པས།
ད་རེས་ནངས་པ་ གཡུས་སྒོ་ཚུ་ནང་ ལྷ་ཁང་དང་ མཆོད་རྟེན་ཚུ་ གྲོང་གཡུས་ཁས་བླངས་པ་ཚུ་གིས་ སྐོར་རྒྱབ་ཐོག་ལས་ སྲུང་སྐྱོབ་འབད་དོ་ཡོདཔ་ཨིན་པས།
ད་རུང་ ཁྲིམས་སྲུང་འགག་པ་དང་ ན་གཞོན་གྱི་ མཉམ་འབྲེལ་ལས་རིམ་དེ་གིས་ཡང་ ཉེས་ལས་མར་ཕབ་འབད་ནི་ལུ་ ཕན་ཐབས་བྱུང་ཡི་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ན་ཧིང་ པདྨ་དགའ་ཚལ་གྱི་ ཁྲིམས་སྲུང་འགག་པ་གིས་ བརྡུང་རྫོབ་ཀྱི་ རྩོད་དོན་༣ དང་ སྐུ་རྟེན་གསུང་རྟེན་ ཨར་རྐུན་དང་ མཆོད་རྟེན་སློང་སློངམ་༧ སྣུམ་འཁོར་གྱི་ ཐུག་རྐྱེན་༤ མི་ནག་ཚོང་འཐབ་འཐབ་༡ དེ་ལས་ ཉེས་ལས་སྣ་ཚོགས་ཀྱི་ རྩོད་དོན་༢༢ ཐོ་བཀོད་འབད་ནུག།
དུས་ཅི་ སྤྱི་ཟླ་༨ པ་ཚུན་ཚོད་ བརྡུང་རྫོབ་དང་ རང་སྲོག་བཅད་མི་ དེ་ལས་ ཉེས་ལས་ཕྱམ་ཕྱིམ་འབད་བའི་ རྩོད་དོན་༡༡ མ་གཏོགས་ ཐོ་བཀོད་མ་འབདཝ་ཨིན་པའི་གནས་ཚུལ།

No comments:

Post a Comment