གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཙ་ནུབ་མོ་ལས་ ཌི་ཛིལ་མར་ཁུའི་གོང་ཚད་ ཡར་སེང་འབད་ཡོདཔ།

༡༥/༩/༢༠༡༢   ༉ ཁ་ཙ་ནུབ་མོ་ ཆུ་ཚོད་༡༢ ལས་འགོ་བཙུགས་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ ཌི་ཛིལ་མར་ཁུའི་ གོང་ཚད་དེ་ དངུལ་ཀྲམ་༥.༢༥ ལས་ དངུལ་ཀྲམ་༥.༣༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།


ཡར་སེང་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༣ གྱི་ནུབ་མོ་ལས་ རྒྱ་གར་ལུ་ ཌི་ཛིལ་ལི་ཊར་རེ་ལུ་ རུ་པི་༥ ཡར་སེང་སོང་མི་དང་འཁྲིལ་ཏེ་ཨིན་པས།
ཧེ་མ་འབད་བ་ཅིན་ ཐིམ་ཕུའི་ ས་སྣུམ་བླུགས་ས་ཚུ་ནང་ ཌི་ཛིལ་ལི་ཊར་རེ་ལུ་ གོང་ཚད་དངུལ་ཀྲམ་༤༡.༤༥ རེ་ཨིན་མི་དེ་ ད་རེས་ དངུལ་ཀྲམ་༤༦.༧༤ ལུ་ ཡར་སེང་འབད་ཡོདཔ་ད་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ ཌི་ཛིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༠.༠༥ འབད་མི་དེ་ དངུལ་ཀྲམ་༤༥.༣༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
ད་རེས་ ཌི་ཛིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༡.༤༥ འབད་མི་དེ་ དངུལ་ཀྲམ་༤༦.༧༤ ལུ་ ཡར་སེང་འབད་མི་དེ་ དུས་ཅི་གི་ ལོའི་དོན་ལུ་ འགོ་དང་པ་ཨིན་པས།
བསྟན་རྒྱས་ལྷན་ཁག་འོག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་ལུ་ ས་སྣུམ་བཀྲམ་སྤེལ་འབད་མི་ རྒྱ་གར་གྱི་ ས་སྣུམ་ལས་འཛིན་དང་ བ་རཱཊ་ ས་སྣུམ་ལས་འཛིན་༢ ཀྱིས་ རྒྱལ་ཁབ་ཀྱི་ འཛུལ་སྒོ་ཚུན་བསྐྱལ་བའི་སྐབས་ ཟད་འགྲོ་ཚུ་ ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ནའི་ ཨིན་བོ་འེསི་རྩིས་ཁྲ་གི་ གོང་ཚད་ཐོབ་མི་དང་འཁྲིལ་ ཡར་སེང་འབད་ཡོདཔ་སྦེ་ སླབ་ཨིན་པས།
ཁོང་གིས་འབད་བ་ཅིན་ ས་སྣུམ་ཚུ་ རྒྱལ་ཁབ་ནང་ལྷོད་ཞིནམ་ལས་ འབྲུག་གི་བཙོང་ཁྲལ་དང་ བཀྲམ་སྤེལ་འབད་བའི་ཁེ་སང་ དེ་ལས་ སྐྱེལ་འདྲེན་གྱི་སྐབས་ ཆད་ལུས་ཐོན་མི་ཚུ་ རྩིས་རྐྱབ་ཨིན་ཟེར་ཨིན་པས།
ཚོང་འབྲེལ་འགོ་དཔོན་དེ་གིས་ སླབ་མིའི་ནང་ ས་སྣུམ་སྐྱེལ་འདྲེན་གྱི་གླ་ཆ་ ས་སྣུམ་ཀི་ལོ་ལི་ཊར་རེ་ལུ་ དངུལ་ཀྲམ་༣.༡༨ རེ་དང་ ས་སྣུམ་གྱི་ རླུང་ཐོན་སོང་སྟེ་ ཆད་ལུས་ཐོན་མི་ལུ་ ཀི་ལོ་ལི་ཊར་རེ་ལུ་ དངུལ་ཀྲམ་༠.༩ འབྲུག་གི་བཙོང་ཁྲལ་ བརྒྱ་ཆ་༥ དེ་ལས་ བཀྲམ་སྤེལ་བའི་ཁེ་སང་ བརྒྱ་ཆ་༡༥ རེ་ ཕོགཔ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་ གནས་སྟངས་ནང་ གོང་ཚད་ཡར་སེང་འབད་ནིའི་ ལམ་ལུགས་ཚུ་ ཚུལ་དང་མཐུན་ཏོག་ཏོ་འབད་ ཡོདཔ་ད་ མ་གཞི་ རྒྱལ་ཁབ་ནང་ ས་སྣུམ་བཀྲམ་སྤེལ་འབད་ནི་དེ་ སྤྱི་ལོ་༡༩༦༠ རེ་གྲངས་ལས་ར་ འགོ་བཙུགས་ཡོདཔ་ཨིན་རུང་ གོང་ཚད་ཀྱི་ ཚད་གཞི་བཟོ་ནི་དེ་ སྤྱི་ལོ་༡༩༩༡ ལས་མ་གཏོགས་ འགོ་མ་བཙུགས་པས་ཟེར་ཨིན་པས།
དེ་གི་ཧེ་མ་འབད་བ་ཅིན་ གོང་ཚད་ཚུ་ གནས་སྟངས་དང་འཁྲིལ་ཏེ་ ལག་ལེན་འཐབ་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ས་སྣུམ་ལི་ཊར་༡༠,༠༠༠ འབད་མི་ཚུ་ ས་སྣུམ་འབག་མི་སྣུམ་འཁོར་ ཊེང་ཀར་ཚུ་ནང་བཙུགས་ཏེ་ རྒྱ་གར་གྱི་ས་གནས་ སི་ལི་གུ་རི་དང་ གུ་ཧ་ཊི་ བང་གའི་གའོན་ དེ་ལས་ ཨ་སཱམ་ཚུ་ལས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་ ས་གནས་ཚུ་བརྒྱུད་དེ་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ རིན་གོང་དངུལ་ཀྲམ་ས་ཡ་༣,༥༦༣ གནས་པའི་ ས་སྣུམ་ལི་ཊར་༡༠༣,༦༡༡ ནང་འདྲེན་འབད་ཡོད་མི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཀི་ལོ་ལི་ཊར་༢༦.༥༩ གིས་ ཡར་སེང་སོང་ཡོདཔ་་ཨིན་པས།
ཌི་ཛིལ་ས་སྣུམ་གྱི་ གོང་ཚད་ཚུ་ པེ་ཊཱོལ་བཟུམ་སྦེ་ ཡར་སེང་འགྱོ་ནི་མེད་མི་དེ་ཡང་ གོང་ཚད་ཡར་སེང་གི་དོན་ལུ་ འཛམ་གླིང་གི་ ཚོང་འབྲེལ་གནས་སྟངས་དང་ འཁྲིལ་དགོ་ནི་དེ་གིས་ཨིནམ་ད་ ཌི་ཛིལ་གྱི་ གོང་ཚད་ཚུ་ ཡར་སེང་འགྱོ་བའི་བསྒང་ལས་ སྐྱ་ནམ་གྱི་གོང་ཚད་ཚུ་ཡང་རང་བཞིན་གྱིས་ ཡར་སེང་འགྱོཝ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment