གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལག་མཐིལ་རྫུས་མ་རྐྱབ་མིའི་གནད་དོན་ རྩོད་བཤེར་འབད་དོ་ཡོདཔ།

༢༡/༩/༢༠༡༢   ༉ དགེ་ལེགས་ཕུག་ལུ་ སྐྱེས་ལོ་༦༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ནུ་གཅུང་ སྐྱེས་ལོ་༥༠ ལང་མིའི་ ལག་མཐིལ་རྫུས་མ་རྐྱབ་ཐོག་ལས་ མི་རྩིས་སྤོ་སོར་འབད་བའི་ རྩོད་གཞི་དེ་ དགེ་ལེགས་ཕུག་ དྲུང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ སྟ་གོན་སྙན་གསན་ འབད་ཡོདཔ་ཨིན་པས།


གནད་དོན་དེ་ སྐྱེས་ལོ་༥༠ ལང་མི་ ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ སྤྱི་ཟླ་༨ པའི་ཚེས་༢༣ ལུ་ ཕོ་རྒནམ་དེ་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཕོ་རྒནམ་དེ་གིས་ དར་དཀར་ནང་ གཙང་ཁ་རྒེད་འོག་ པེ་ཏེ་ཁ་གཡུས་ནང་ཡོད་པའི་ ཁོ་རའི་མི་རྩིས་དེ་ དགེ་ལེགས་ཕུག་ བསམ་གཏན་གླིང་རྒེད་འོག་ བདེ་ཆེན་དཔལ་རི་ལུ་ སྤོ་བཤུད་འབད་ཡོདཔ་ཨིན་པས།
ད་རེས་ བསམ་གྲུབ་ལྗོངས་མཁར་ འཇོ་མོ་གཙང་ཁ་ལུ་ གཞུང་གཡོག་རྐྱབ་སྡོད་མི་ ནུ་གཅུང་དེ་གི་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ ཁྲིམས་སྲུང་འགག་པ་ལུ་བཙུགས་མི་ ཉོགས་བཤད་ཡི་གུ་ནང་ མི་རྩིས་སྤོ་བཤུད་ཀྱི་དོན་ལུ་ འབྲི་ཤོག་ཕཱོམ་ནང་ ལག་མཐིལ་རྫུས་མ་རྐྱབ་ཐོག་ལས་ མི་རྩིས་སྤོ་བཤུད་འབད་ཡོདཔ་ད་ མ་གཞི་ དགེ་ལེགས་ཕུག་གི་ བཟའ་ཚང་གི་གཙོ་ཅན་དེ་ ནུ་གཅུང་ཨིནརུང་ མི་རྩིས་སྤོ་བཤུད་དེ་ ཁོ་གིས་མ་ཤེསཔ་སྦེ་ འབད་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སྔོན་འགྲོའི་དབྱེ་ཞིབ་ཅིག་ འབད་མི་དང་འཁྲིལཝ་ད་ ཕོ་སྤུན་༢ པོ་དེ་ སྤྱི་ལོ་༢༠༠༣ ལུ་ གཞལམ་སྒང་གི་ ཨི་ལྡི་གཡུས་ཚན་དེ་ ཡོངས་རྫོགས་སྦེ་ དགེ་ལེགས་ཕུག་ལུ་ གཞི་གསར་ནང་ སྤོ་མིའི་གྲས་ཁར་ཨིནམ་སྦེ་ བཀོད་ནུག།
ཨིན་རུང་ སྐྱེས་ལོ་༦༥ ལང་མི་ ཕོ་རྒནམ་དེ་ལུ་ དར་དཀར་ནང་ལུ་ ས་ཆ་ཨེ་ཀར་༥ ཡོདཔ་ལས་ སྤྱི་ལོ་༢༠༠༩ ལུ་ ཁོ་རའི་མི་རྩིས་དེ་ དར་དཀར་ནང་ལུ་ སྤོ་ཡོདཔ་ཨིན་པས།
དུས་ཅི་གི་ལོའི་སྔ་ཆ་ལུ་ ས་ཆ་དེ་ ཁོ་རའི་བུམོ་༢ ལུ་ བགོ་བཤའ་རྐྱབ་སྟེ་ སྤྲོད་ཞིནམ་ལས་ ཁོ་རའི་མི་རྩིས་དེ་ དགེ་ལེགས་ཕུག་ལུ་ སྤོ་བཤུད་འབད་ཡོདཔ་ཨིན་པས།
འཇོ་མོ་གཙང་ཁ་ལུ་ཡོད་པའི་ ཞི་གཡོགཔ་དེ་གིས་ སླབ་མིའི་ནང་ ཕོ་རྒནམ་དེ་གིས་ མི་རྩིས་སྤོ་བཤུད་འབད་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ ཁོ་གི་ ས་ཡིག་རྫུས་མ་ཚུ་ཡང་ རྐྱབ་ཡོདཔ་མ་ཚད་ དགེ་ལེགས་ཕུག་གི་ ས་ཆ་དེ་ཡང་ ཁོ་གི་མིང་ཐོག་ལུ་ ཐོ་བཀོད་འབད་ནུག་ཟེར་ཨིན་པས།
ཀུན་གསལ་གྱིས་ ཁྲིམས་ལག་ལེན་འཐབ་མི་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ ཁོང་གིས་སླབ་མིའི་ནང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༧ གྱི་ ག་པ་དང་འཁྲིལཝ་ད་ ལག་མཐིལ་རྫུས་མ་རྐྱབ་ཐོག་ལས་ མི་རྩིས་སྤོ་བཤུད་འབད་མི་དེ་ ཉེས་ཆེན་དབྱེ་རིམ་༤ པའི་ནང་ ཚུདཔ་ཨིན་ཟེར་ཨིན་པས།
ད་རེས་ རྒྱབ་མི་བཙུགས་ཐོག་ལས་ དོ་དམ་གྱི་ཕྱི་ཁར་སྡོད་མི་ སྐྱེས་ལོ་༦༥ ལང་མི་ ཕོ་རྒནམ་དེ་གིས་ ཁོ་གིས་ ཁོ་རའི་ ནུ་གཅུང་གི་ ལག་མཐིལ་རྫུས་མ་རྐྱབ་མི་དེ་ ངེས་བདེན་ཨིནམ་ད་ དེ་བཟུམ་འབད་མི་དེ་ཡང་ ཁོ་རའི་ནུ་གཅུང་ ངོ་བོ་འབད་ནི་དེ་གིས་ ཁེ་མེདཔ་འོང་མནོ་སྟེ་རྐྱབ་རྐྱབ་ཨིན་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་དུས།

No comments:

Post a Comment