གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་རྫོང་ཁག་༤ ནང་ གློག་མེ་མེད་པར་ ཉིནམ་༣ སོང་ཡོདཔ།

༢༧/༩/༢༠༡༢   ༉ མོང་སྒར་དང་ པདྨ་དགའ་ཚལ་གྱི་བར་ན་ གློག་མེའི་བརྒྱུད་ཆས་ ཀཱན་ཌག་ཊར་ཅིག་ མེདཔ་ཐལ་སོཔ་ལས་ ཤར་ཕྱོགས་རྫོང་ཁག་༤ ནང་ སྤྱི་ཟླ་༩ པའི་ཚེས་༢༤ གི་ ནུབ་མོའི་ཆུ་ཚོད་༡ དེ་ཅིག་ལས་ གློག་མེ་མེདཔ་ལས་ མི་མང་གི་ ཞབས་ཏོག་ཚུ་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་ཨིན།


མོང་སྒར་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་གོངམ་ ནཱན་དུ་རའེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གློག་མེ་བརྒྱུད་ཆས་མེདཔ་ཐལ་ཞིནམ་ལས་ཚུར་ མོང་སྒར་དང་ ལྷུན་རྩེ་ བཀྲིས་སྒང་ དེ་ལས་ བཀྲིས་གཡང་རྩེ་རྫོང་ཁག་༤ ནང་ གློག་མེ་བཀྲམ་སྤེལ་མེདཔ་ཨིན་རུང་ གློག་མེ་དེ་ ག་དེ་མགྱོགས་མགྱོགས་ བཀྲམ་སྤེལ་འབད་ཚུགས་ནིའི་དོན་ལུ་ གློག་མེ་ལས་འཛིན་གྱིས་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ གློག་མེ་བརྒྱུད་ཆས་མེདཔ་ཐལ་སའི་ ས་གོ་ནང་ གློག་མེ་ལས་བྱེདཔ་༣༠ དེ་ཅིག་བཏང་ཡོདཔ་ལས་ ཉིནམ་༡ དང་༢ ཀྱི་ནང་འཁོད་ལུ་ གློག་མེ་ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གློག་མེ་ལས་བྱེདཔ་ལེ་ཤ་བཏང་དགོ་མི་དེ་ཡང་ གློག་རྒྱུན་བཀྲམ་སྤེལ་བརྒྱུད་ཆས་ ཀཱན་ཌག་ཊར་དེ་ མེདཔ་ཐལ་སའི་ ས་ཁོངས་ཚུན་ཚོད་ མི་གིས་ སྒལ་ཏོག་ཁར་འབག་སྟེ་ བསྐྱལ་དགོ་ནི་དེ་གིས་ཨིན་ཟེར་ ནཱན་དུ་རའེ་གིས་ སླབ་ཨིན་པས།
ཀུར་རི་ཆུ་གློག་མེ་ལས་འགུལ་གྱིས་ གནས་སྐབས་ཅིག་ དཀའ་ངལ་སེལ་ཐབས་ལུ་ སྤྱི་ཟླ་༩ པའི་ཚེས་༢༥ གི་ ཕྱི་རུ་ཁམས་ཅིག་ལས་ རྫོང་ཁག་༤ ནང་ གློག་མེ་བཀྲམ་སྤེལ་འབད་ཡོདཔ་ལས་ མི་ཚུ་སེམས་དགའ་ཡོད་རུང་ ནུབ་མོ་རྐྱངམ་གཅིག་ གློག་མེ་བཀྲམ་སྤེལ་འབདཝ་ཨིན་པས།
དེ་ཡང་ མོང་སྒར་རྫོང་ཁག་བདག་སྐྱོང་ཡིག་ཚང་དང་ དངུལ་ཁང་ཚུ་ནང་ གློག་མེ་ལས་འཛིན་གྱིས་ གློག་འཕྲུལ་ཇ་ན་རེ་ཊཪ་ལག་ལེན་འཐབ་ཐོག་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་འབད་བ་ཅིན་ སྨན་ཁང་གིས་ མཁོ་སྒྲུབ་འབད་ཡོད་མི་ ཇ་ན་རེ་ཊར་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ གློག་མེ་མེད་མི་ལུ་བརྟེན་ མི་མང་གི་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ ཐོ་ཕོག་ཡོདཔ་ད་ དེ་ཡང་ རྒྱལ་པོའི་ཞིང་ ས་སྣུམ་བཀྲམ་སྤེལ་ཁང་གིས་ སྣུམ་འཁོར་ཚུ་ལུ་ མར་ཁུ་བླུགས་མ་ཚུགསཔ་ལས་ དེད་གཡོགཔ་ཚུ་ དབུགས་འགམ་བྱུང་ནུག།
དེ་མ་ཚད་ འབྲུག་གི་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ཡང་ ལག་ལེན་འཐབ་མ་ཚུགས་པར་ དངུལ་བཏོན་ཀཱཌ་འཆང་མི་ཚུ་ལུ་ དབུགས་འགམ་བྱུང་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment