གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༡༤ མན་ཆད་འབད་མི་ ཕུཊ་བཱོལ་རྩེད་མི་ཚུ་ གདམ་འཐུ་འབད་དོ་ཡོདཔ།

༡༨/༩/༢༠༡༢   ༉ འབྲུག་པའི་ན་གཞོན་བུཚ་ སྐྱེས་ལོ་༡༤ མན་ཆད་འབད་མི་ཚུ་ ཇ་པཱན་ལུ་ ཕུཊ་བཱོལ་རྩེད་འགྲན་འབད་བར་ འགྱོ་ནིའི་དོན་ལུ་ གདམ་འཐུ་འབད་ནི་ཨིནམ་ལས་ ད་ལྟོ་ ན་གཞོན་༤༥ དེ་ཅིག་ ཐིམ་ཕུ་ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ནང་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ཨིན་པས།
གདམ་འཐུའི་དོན་ལས་ ཐིམ་ཕུ་ལྕང་ཇི་ཇི་ལུ་འོང་མི་ སློབ་གྲྭ་ཁག་གི་སློབ་ཕྲུག་ ཕུཊ་བཱོལ་རྩེད་མི་ཚུ།


སཱག་འཐུས་མི་རྒྱལ་ཁབ་༨ ཀྱི་ ན་གཞོན་བུཚ་ སྐྱེས་ལོ་༡༤ མན་ཆད་འབད་མི་ཚུ་གི་དོན་ལུ་ ཕུཊ་བཱོལ་རྩེད་འགྲན་ལས་རིམ་དེ་ ཇ་པཱན་གཞུང་གིས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༡ ལུ་ རྒྱ་མཚོའི་རྦ་རླབས་ཀྱིས་ གནོད་སྐྱོན་རྐྱབ་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ཨིན་པས།
ཇ་པཱན་གྱིས་ ཀི་ཛུ་ན་ལས་འགུལ་ཟེར་ གཞི་བཙུགས་འབད་མི་ ཇ་པཱན་དང་ སཱག་འཐུས་མི་རྒྱལ་ཁབ་ཚུ་ལས་ ན་གཞོན་སྡེ་ཚན་ཚུ་གིས་ ཕུཊ་བཱོལ་བརྗེ་སོར་ལས་རིམ་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་རིམ་དེ་ ཇ་པཱན་ཕུཊ་བཱོལ་ཚོགས་སྡེ་དང་ སཱག་དྲུང་ཆེན་ཡིག་ཚང་ཚུ་གིས་ མཉམ་རུབ་ཐོག་ལས་ རྩེད་འགྲན་འགོ་འདྲེན་འཐབ་ཡོད་རུང་ ལས་རིམ་དེ་ལུ་ རྒྱབ་སྐྱོར་ངོ་མ་འབད་མི་དེ་ ཇ་པཱན་གཞུང་གི་ ཕྱི་རྒྱལ་ལྷན་ཁག་ཨིན་པས།
ཕུཊ་བཱོལ་རྩེད་འགྲན་འབད་ནིའི་ ལས་རིམ་དེ་ སྤྱི་ཟླ་༡༠ པའི་ཚེས་༧ ལས་༢༠ ཚུན་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེ་ཁར་ བཅའ་མར་གཏོགས་མི་ སཱག་རྒྱལ་ཁབ་ཚུ་ལས་ ཨཱཕ་ག་ནིས་ཊཱན་དང་ བང་ལ་དེཤ་ འབྲུག་ རྒྱ་གར་ མཱལ་དིབསི་ ནེ་པཱལ་ པ་ཀིས་ཊཱན་ དེ་ལས་ ཤྲི་ལངྐ་རྩིས་ཏེ་ རྒྱལ་ཁབ་༨ ཀྱི་ ན་གཞོན་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
ན་གཞོན་༤༥ ཡོད་པའི་གྲས་ལས་ ཇ་པཱན་ལུ་འགྱོ་ནིའི་གོ་སྐབས་དེ་ན་གཞོན་༡༦ ལུ་ བྱིན་མི་ཚུགས་ནི་ཨིནམ་ད་ པདྨ་དགའ་ཚལ་རྫོང་ཁག་དང་ བསམ་རྩེ་ ཕུན་ཚོགས་གླིང་ གསར་སྤང་ སྤུ་ན་ཁ་ དེ་ལས་ ཐིམ་ཕུ་རྫོང་ཁག་ཚུ་ལས་ ཕུཊ་བཱོལ་རྩེད་འགྲན་པ་ དྲག་ཤོས་ཚུ་ བཙག་འཐུ་འབད་དེ་ འོང་ཡོདཔ་ཨིན་པས།
སྤུ་ན་ཁ་ ཁུ་རུ་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ སློམ་རིམ་༧ པའི་སློབ་ཕྲུག་ འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ཀྱི་ མིང་གཏམ་ལེགས་ཤོམ་བཞག་ནིའི་དོན་ལུ་དང་ རང་ཡང་ ཇ་པཱན་རྒྱལ་ཁབ་ནང་ ཤེས་རིག་དང་ དཔལ་འབྱོར་གོང་འཕེལ་ ལམ་ལུགས་སྲོལ་ དེ་ལས་ ཤེས་ཡོན་འཐོབ་ཚུགས་ནིའི་དོན་ལུ་ བཅའ་མར་གཏོགས་པར་ འོང་ཡོདཔ་བཞིན་དུ་ གདམ་འཐུ་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ འགོ་དཔོན་བསོད་ནམས་འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་པའི་ན་གཞོན་ཚུ་གི་ རིག་རྩལ་དང་ ཡོན་ཏན་ ལྕོགས་གྲུབ་ཚུ་ ཡར་དྲག་གཏང་བའི་ཁར་ ལྟ་རྒྱ་མཐོང་རྒྱ་ཚུ་ འཐོབ་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment